ཀྲུང་གོ་བོད་ཀྱི་དྲ་བ།

“ལྔ་གཅིག”གུང་གསེང་སྐབས་སུ་མཚོ་བོད་ཚོགས་པ་ཀུང་སིས་ཡུལ་སྐོར་བ་མི་ཐེངས་ཁྲི40ལྷག་ཙམ་སྐྱེལ་འདྲེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས27ཉིན་ནས་ཟླ5བའི་ཚེས4ཉིན་བར། དུས་ཡུན་ཉིན་བརྒྱད་ཀྱི“ལྔ་གཅིག”ངལ་གསོའི་སྐབས་ཀྱི་སྐྱེལ་འདྲེན་བདེ་བླག་ངང་མཇུག་སྒྲིལ། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས(གཤམ་དུ་མཚོ་བོད་ཚོགས་པ་ཞེས་བསྡུ་རྒྱུ་ཡིན)སྐྱེལ་འདྲེན་ནུས་པ་གནད་ལ་འཁེལ་པོས་བཀོད་སྒྲིག་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་སྟེ། རྒྱ་ཆེའི་འགྲུལ་པ་ཕྱིར་སྐྱོད་ཀྱི་ཉམས་ལེན་སྔར་བས་ཡག་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། གུང་གསེང་སྐབས་སུ། འགྲུལ་པ་མི་ཐེངས་ཁྲི40.28སྐྱེལ་འདྲེན་བྱས་པ་དང་། དེ་དུས་མཉམ་ལས་མི་ཐེངས་ཁྲི3.28མང་དུ་ཕྱིན་པ་དང་། 9%ཡར་འཕར་ཡོད། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཆེས་མང་བའི་ཉིན་ནི་ཟླ4བའི་ཚེས29ཉིན་ཡིན་པ་དང་། ཉིན་དེར་འགྲུལ་པ་མི་ཐེངས་ཁྲི6.8སྐྱེལ་འདྲེན་བྱས། 

ད་ལོའི“ལྔ་གཅིག”གུང་གསེང་སྐབས་སུ་འགྲུལ་པའི་འགྲོ་འོང་གི་དགོས་མཁོ་ཆེ་བ་དང་། མཚོ་བོད་ཚོགས་པ་ཀུང་སིས་གུང་གསེང་སྐབས་སུ་འགྲུལ་པའི་སྐྱེལ་འདྲེན་བདེ་འཇགས་དང་། བརྟན་པོ། གོ་རིམ་ལྡན་པ་བཅས་ཡོང་བའི་འགན་ལེན་བྱ་ཆེད། འགྲུལ་རྒྱུན་གྱི་འགྱུར་ལྡོག་ལ་གཞིགས་ནས“ཉིན་གཅིག་གི་འཆར་གཞི”ལག་བསྟར་གནད་སྨིན་བྱས་ཏེ། སྟབས་བསྟུན་མཉམ་འབྲེལ་དང་། ཚོགས་ཆུང་ལེགས་སྒྲིག  འགྲུལ་པ་ཁ་སྣོན། མེ་འཁོར་ཁ་སྣོན་སོགས་ཀྱི་བྱེད་ཐབས་སྤྱད་དེ་འགྲུལ་པ་མང་བའི་ཟི་ལིང་ནས་ཁྲེང་ཏུའུ་ནུབ་དང་། ཟི་ལིང་ནས་ན་གོར་མོ། ཟི་ལིང་ནས་ཞི་ཨན་བྱང་དང་། དབྱིན་ཁྲོན་བར་མེ་འཁོར3བསྐྱར་དུ་འཁོར་སྐྱོད་བྱས་པ་དང་། འགན་འཁུར་བའི་མེ་འཁོར23རྒྱུན་གཏན་ལྟར་གཏོང་སྤྲོད་བྱས། ཟི་ལིང་ནས་པེ་ཅིན་དང་ཧྲང་ཧའེ། ཁྲེང་ཏུའུ་ནུབ་ཕྱོགས། ཧྲེན་ཀྲེན་ཤར་ཕྱོགས། ཧང་ཀྲོའུ་བཅས་བར་གྱི་མེ་འཁོར་ཚང་མ་སླར་གསོ་བྱས་ནས། ཚོགས་ཆུང18གཏན་འཁེལ་བྱས་ཏེ་བསྡོམས་པས་མེ་འཁོར39སླར་གསོ་བྱས་ཏེ་འགྲུལ་པ་འགྲོ་སྐྱོད་ཀྱི་དགོས་མཁོ་སྐོང་གང་ཐུབ་བྱས། 

དེ་ལས་གཞན། མཚོ་བོད་ཚོགས་པ་ཀུང་སིས་ཟོག་འདྲེན་ཁྲོམ་རའི་དགོས་མཁོ་དང་སྐྱེལ་འདྲེན་ཐོན་ཁུངས་སྦྲེལ་མཐུད་ནུས་ལྡན་བྱས་ནས། སྐྱེལ་འདྲེན་ནུས་པ་ནུས་ལྡན་ངང་བཀོད་སྒྲིག་དང་ཁྲོམ་རའི་དགོས་མཁོ་དང་མཐུན་པར་བྱས་ཏེ། སྐྱེལ་འདྲེན་ནུས་པ་རྒྱུན་མཐུད་ངང་ཆེ་རུ་བཏང་བས། ལྕགས་ལམ་ཟོག་འདྲེན་ཞབས་ཞུའི་འགན་ལེན་ནུས་པ་སྔར་ལས་ཆེ་རུ་ཕྱིན། “ལྔ་གཅིག”གུང་གསེང་སྐབས་སུ། བསྡོམས་པས་དངོས་ཟོག་ཏུན་ཁྲི73.78སྐྱེལ་འདྲེན་བྱས་པ་དང་། དེ་དུས་མཚུངས་ལས2019ལོར་ཏུན་ཁྲི5.49མང་དུ་ཕྱིན་ཞིང་། 8%ཡར་འཕར་ཏེ་མཚོ་བོད་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་གློག་གཏོང་འགན་ལེན་དང་། རྡོ་སོལ་སོགས་གཙོ་གནད་དངོས་ཟོག་སྐྱེལ་འདྲེན་སྒྲིག་འཛུགས་ལས་དོན་ནུས་ལྡན་ངང་འགན་ལེན་བྱས།  ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།