ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་གྱིས་གྲོང་གསེབ་དར་སྤེལ་ཁྱབ་ཁོངས་ཀྱི་ཚུལ་མིན་སྤྱོད་ཚུལ་ལ་ཞིབ་བཤེར་ནན་མོ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས5ཉིན། ཟི་ལིང་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བསྒྲགས་པའི་གནས་ཚུལ་ལྟར་ན། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་བཀོད་སྒྲིག་དང་། ཀྲུང་དབྱང་དང་ཞིང་ཆེན། གྲོང་ཁྱེར་གྱི་སྒྲིག་ཨུད་ཚང་འཛོམས་གྲོས་ཚོགས་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཟི་ལིང་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་། གྲོང་གསེབ་དར་སྤེལ་གཏོང་བའི་ཚུལ་མིན་སྤྱོད་ཚུལ་དང་། རུལ་སུངས་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུའི་གཏན་འབེབས་བྱས། 

ཆེད་དོན་བཅོས་སྒྲིག་གིས་གྲོང་གསེབ་དར་སྤེལ་གཏོང་བའི་ཁྱབ་ཁོངས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པའི་ཁྲོད། ཕྱི་ཚུལ་རིང་ལུགས་ཀྱི་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་བཅོས་སྒྲིག་ཤུགས་ཆེན་བྱས་ནས། དམངས་ཕན་ཞབས་ཞུ་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་། ཡང་བསྐྱར་དབུལ་བོར་འགྱུར་བའི་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་བྱེད་པ་དང་། གཙོ་གནད་ས་ཁུལ་དང་ས་ཆ་གཞན་དུ་གཅིག་སྡུད་སྒོས་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། རྨོ་ཞིང་སྲུང་སྐྱོང་བྱེད་པ། ཐོན་ལས་འཕེལ་རྒྱས་དང་རྣམ་གྲངས་གལ་ཆེན་ལག་བསྟར་བྱེད་པ། དམངས་ཕན་ཞིང་ཕན་ཁ་གསབ་མ་དངུལ་དོ་དམ་དང་བེད་སྤྱོད། གྲོང་གསེབ་མཉམ་སྡེབ་ཀྱི“མ་དངུལ་གསུམ”དོ་དམ་དང་། གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་སོགས་མངོན་གསལ་དོད་པའི་གནད་དོན་དང་། དེ་བཞིན་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་དགུ་བཅོས་སྒྲིག་བྱ་རྒྱུ་རེད། 

ཆེད་དོན་བཅོས་སྒྲིག་གིས་གནད་དོན་ཤེས་རྟོགས་བྱུང་བ་དང་། གནད་དོན་ཐག་གཅོད་བྱ་རྒྱུ་དེ་རྒྱུན་ལྡན་གྱི་ལྟ་སྐུལ་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། བསྐྱར་དུ་ལྟ་སྐུལ་བྱ་རྒྱུར་གཞི་ཚུགས་ཏེ། “ཞིབ་བཤེར་ཁང་དང་ཞིབ་བཤེར་ཤང་། མཉམ་འགུལ། ས་ཁུལ་མཉམ་ལས་སོགས་ཀྱི་བྱེད་སྟངས་བརྒྱུད་དེ། གྲོང་གསེབ་དར་སྤེལ་གཏོང་བའི་ཁྱབ་ཁོངས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པའི་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་ཀྱི་དཔོན་ཉམས་རིང་ལུགས་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། རྨོ་ཞིང་ཞིབ་བཤེར་སྲུང་སྐྱོང་། གྲོང་གསེབ་དར་སྤེལ་གཏོང་བའི་གཙོ་གནད་རྣམ་གྲངས་ཀྱི་མ་དངུལ་གལ་ཆེན་དང་ལྷུ་ཚིགས་གལ་ཆེན། དམངས་ཕན་ཞིང་ཕན་དང་། “བྱང་བུ་གཅིག”དང་། གྲོང་གསེབ་མཉམ་སྡེབ་ཀྱི་ལྟ་སྐུལ་དོ་དམ། གྲོང་གསེབ་མཉམ་སྡེབ་ཀྱི“མ་རྩ་གསུམ”གྱི་དོ་དམ་དང་། གྲོང་ཚོ་ལས་བྱེད་པ་དང་ལྷག་པར་དུ“འགན་འཁུར”མི་སྣའི་ལྟ་སྐུལ་བྱ་སྤྱོད་དང་། གཞི་རིམ་གྱི་ལྟ་སྐུལ་སྦྲེལ་མཐུད་མཉམ་འདྲེས། གཙོ་གནད་ས་ཁུལ་དུ་དངོས་སྡོད་ཞིབ་འཇུག་བྱེད་པ། གྲོང་གསེབ་དར་སྤེལ་གཏོང་བའི་ཁྱབ་ཁོངས་ཀྱི་སྐོར་ཞིབ་བྱ་སྤྱོད་སོགས“ལྟ་སྐུལ་བྱ་སྤྱོད་ཆེན་པོ་བཅུ”དོན་འཁྱོལ་བྱས་ནས། “རིམ་པ་ལྔ་པའི་ཧྲུའུ་ཅིས་གྲོང་གསེབ་དར་སྤེལ་གཏོང་བའི”ཆབ་སྲིད་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་སྤེལ་གཏོང་བའི་ཐབས་ཇུས་བཀོད་སྒྲིག་སོ་སོ་དོན་འཁྱོལ་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། ཀྲུང་དབྱང་དང་ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་ཕན་འབྲས་དངོས་ཐོབ་པར་འགན་ལེན་བྱེད་དགོས།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།