ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དུ་མཐོ་གསར་ལག་རྩལ་ཁེ་ལས266ཡོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ནོར་རུ་ཚེ་དབང་སྒྲོན་མས་བསྒྱུར།   སྤེལ་དུས། : 2023-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས15ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་ནས་ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས2022ལོར་འོས་སྦྱོར་གཏན་འཁེལ་བྱས་པའི་མཐོ་གསར་ལག་རྩལ་ཁེ་ལས101ཚང་མ་ཚན་རྩལ་པུའུ་དཔལ་འབར་ལྟེ་གནས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་པ་རེད། མིག་སྔར་ཞིང་ཆེན་ཡོངས་སུ་མཐོ་གསར་ལག་རྩལ་ཁེ་ལས266ཟིན་པ་དེ་ལོ་གོང་མ་ལས32འཕར་བ་དང་། 2022ལོར་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར1144.29ཟིན་པ་དང་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར361ཟིན་ནས    ། མཐོ་གསར་ལག་རྩལ་ཁེ་ལས66གི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1ལས་བརྒལ་བ་བཅས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད་པ་རེད། 

ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཚན་རྩལ་ཐིང་གིས་ཐོན་ལས“གནས་བཞིའི”འཛུགས་སྐྲུན་ལ་དམིགས་ནས་ཚན་རྩལ་དང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་། ཚན་རྩལ་གསར་གཏོད་ཀྱི་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་བཏང་བ། ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གཞི་ཁྱོན་རྒྱ་ཆེར་བཏང་བ་དང་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་སྤུས་ཚད་མཐོ་རུ་བཏང་བ། “ཆུང་བ་འབྲིང་དུ་གཏོང་རྒྱུ།  འབྲིང་བ་མཐོ་རུ་གཏོང་རྒྱུ། མཐོ་བ་ཆེ་རུ་གཏོང་རྒྱུ”བཅས་ཀྱི་སྦྲེལ་ཐག་ཧྲིལ་པོའི་ཚན་རྩལ་ཁེ་ལས་སྐས་རིམ་ལྟར་སྐྱེད་སྲིང་བྱེད་པའི་མ་ལག

2020ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་ཁེ་ལས་ལ་ཀུན་ཕན་རང་བཞིན་གྱི་བྱ་དགའ་ཁྱོན་སྒོར་དུང་ཕྱུར1.35སྤྲད་པ་དང་། དེའི་ནང་ཁེ་ལས253ལ་མཐོ་གསར་ལག་རྩལ་ཁེ་ལས་ཀྱི་ཁས་ལེན་བྱ་དགའི་མ་དངུལ་དང་ཚན་རྩལ་མི་ཆེན་ཁེ་ལས་ཆུང་གྲས་ཀྱི་ཁས་ལེན་བྱ་དགའི་མ་དངུལ་སྒོར་ཁྲི4020སྤྲད་པ་དང་། ཁེ་ལས899ལ་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་རྩིས་འཐེན་བྱས་པ་དང་ཁ་གསབ་མ་དངུལ་སྒོར་ཁྲི7911.27སྤྲད་པ། ཚན་རྩལ་གསར་གཏོད་ཀྱི་འཛིན་ཤོག་མ་དངུལ་སྒོར་ཁྲི1583སྤྲད་པ། ཁེ་ལས་ཀྱི་ཚན་རྩལ་མ་དངུལ་ཇེ་དམའ་རུ་ཏན་ཏིག་ཏུ་བཏང་ནས། ཚན་རྩལ་གསར་གཏོད་ནང་ཞུགས་པའི་ཁེ་ལས་ཀྱི་ཧུར་བརྩོན་རང་བཞིན་ཆེ་རུ་བཏང་བ་བཅས་བྱས། 

ད་ལོར་ཞིང་ཆེན་ཚན་རྩལ་ཐིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“ཁེ་ལས་རོགས་འདེད་བྱེད་པའི་ལས་འགུལ”ཀྱི་ལས་དོན་བཀོད་སྒྲིག་ལ་དམིགས་ཤིང་། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་བྱེད་པོ་སྐྱེད་སྲིང་བྱ་རྒྱུར་ཤུགས་སྣོན་པ་དང་ཁེ་ལས་ལ་ཕན་པ་ཐོབ་པའི་ཚན་རྩལ་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁག་དང་པོར་སྒོར་ཁྲི2000བཏང་ནས་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་སྣོན་རྩིས་འཕྲི་འཐེན་བྱ་དགའ་དང་ཁ་གསབ་ཐད་སྤྱད་པ་དང་། མཇུག་ཏུ་སྒོར་ཁྲི600སྤྲད་པའི་ཚན་རྩལ་གསར་གཏོད་འཛིན་ཤོག་དེ་ཁེ་ལས་ཀྱིས་ཚན་རྩལ་ཞབས་ཞུ་ཉོ་སྒྲུབ་དང་སྒོར་ཁྲི2180ཡིས་གསར་དུ་གཏན་འཁེལ་བྱས་པའི་མཐོ་གསར་ལག་རྩལ་ཁེ་ལས་དང་ཚན་རྩལ་ཁེ་ལས་ཆུང་གྲས་ལ་བྱ་དགའ་སྤྲད་དེ་ཞིང་ཆེན་ཡོངས་ཀྱི་ཐོན་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བར་རམ་འདེགས་ཆེན་པོ་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།