ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་ཏང་རྩ་འཛུགས་ཧྲུའུ་ཅིའི་ཞིང་ཆེན་རིམ་པའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ཞིང་ཆེན་རིམ་པའི་དཔེ་སྟོན་འཛིན་གྲྭ་དང་། ཞིང་ཆེན་ཡོངས་ཀྱི་སྡེ་བའི་ཏང་རྩ་འཛུགས་ཧྲུའུ་ཅིའི་ཞིང་ཆེན་རིམ་པའི་དཔེ་སྟོན་འཛིན་གྲྭ་སོ་སོ་ནས་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་ཞིང་སྡེ་ལས་བྱེད་པའི་སློབ་གླེང་དུ་དུས་མཉམ་དུ་བསྡུས་ཤིང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི60དང་གྲོང་ཁྱེར་དང་ཁུལ8གྱི་སྡེ་བའི་ཏང་རྩ་འཛུགས་ཧྲུའུ་ཅི100དུས་ཡུན་ཉིན5ཡི་གསོ་སྦྱོང་ལ་ཞུགས་རྒྱུ་རེད།

ཐེངས་འདིའི་གསོ་སྦྱོང་གི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། སྡེ་བའི་ཏང་རྩ་འཛུགས་ཧྲུའུ་ཅིའི་རུ་ཁག་གི་ནུས་པའི་བྱང་ཚད་ཇེ་མཐོར་གཏོང་རྒྱུ་དེ་རེད། གསོ་སྦྱོང་འཛིན་གྲྭས་ཆེད་སྒྲིག་མཛུབ་སྟོན་དང་ཡུལ་དངོས་སློབ་ཁྲིད། བརྙན་ཟློས་སློབ་ཁྲིད། སྣང་ཚུལ་སློབ་ཁྲིད་སོགས་ཀྱི་རྣམ་པ་སྤྱད་དེ། གསོ་སྦྱོང་གི་དམིགས་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་འབུར་ཐོན་དུ་བཏང་། གསོ་སྦྱོང་གི་ནང་དོན་ཐད་གཙོ་བོ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གི་སློབ་སྦྱོང་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ། ཏང་གི་སྲོལ་ཡིག་དག་བཅོས་འཆར་ཟིན་སོགས་ཀྱི་སློབ་ཁྲིད་བཀོད་སྒྲིག་བྱས་ཡོད། དུས་མཉམ་དུ་ཁྱབ་ཁོངས་མི་འདྲ་བའི་གཞི་རིམ་ཏང་རྩ་འཛུགས་ཧྲུའུ་ཅིའི་འགན་སྒྲུབ་དགོས་མཁོ་ལྟར། ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ལ་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞི་རིམ་རྩ་འཛུགས་བྱ་བའི་སྲོལ་ཡིག་དང་། ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་ལུགས་སྲོལ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་མ་ལག་འཛུགས་སྐྲུན། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་སོགས་ཀྱི་འབྲེལ་ཡོད་སློབ་ཁྲིད་ཡོད། སྡེ་བའི་ཏང་རྩ་འཛུགས་ཧྲུའུ་ཅི་ལ་ཀྲུང་དབྱང་གི་ཡིག་ཆ་དང་པོའི་དགོངས་དོན་ཀློག་འགྲེལ་དང་། གྲོང་གསེབ་བཅོས་སྐྱོང་སྤེལ་ཏེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་དང་ཏང་གི་ལས་དོན་སོགས་ཀྱི་ཆེད་སྒྲིག་ནང་དོན་བཀོད་སྒྲིག་བྱས་ཡོད།

རྒྱུས་ལོན་པ་ལྟར་ན། ལོ་འདིའི་ནང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཁྱབ་ཁོངས་བགོས་ཏེ་ཞིང་སྡེ་དང་གྲོང་ཁྱེར་སྡེ་ཁུལ། ལས་ཁུངས། གཞུང་བཙུགས་སྨན་ཁང་། སློབ་གྲྭ། རྒྱལ་དབང་ཁེ་ལས་དང་གསར་གཉིས་རྩ་འཛུགས་སོགས་གཞི་རིམ་ཏང་རྩ་འཛུགས་ཧྲུའུ་ཅི་དང་ཏང་ཡོན་གྱི་ཞིང་ཆེན་རིམ་པའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་ཐེངས25སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པའི་སོ་སོའི་ཏང་རྩ་འཛུགས་ལ་རིམ་པ་དང་རིགས་དབྱེ་ནས་གསོ་སྦྱོང་སྤེལ་བར་སྣེ་ཁྲིད་བྱེད་པ་དང་། ཏང་གི་རེས་སྐོར་གསོ་སྦྱོང་གི་དམིགས་འབེན་ལེགས་འགྲུབ་བྱས་ཏེ། ལོ་འདིའི་ནང་ཏང་ཡོན་ལ་ཡོངས་ཁྱབ་ངང་གསོ་སྦྱོང་ཐེངས་གཅིག་བྱེད་པར་ཁག་ཐེག་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།