ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུའི་འཕྲེད་རྐྱལ་འགྲན་བསྡུར་གྱི་ཚད་གཞི་རིམ་འཕར་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས20ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། སྐབས་བཅུ་བདུན་པའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུའི་འཕྲེད་རྐྱལ་འགྲན་བསྡུར་ད་ལོར་རིམ་འཕར་བྱུང་བ་དང་། ཐོག་མར་སྐར་བསགས་པའི་རྣམ་པ་ནང་འདྲེན་བྱས་ཤིང་། ཁྱོན་ཡོངས་ནས་སྒོ་འབྱེད་རང་བཞིན་དང་། ཚོང་རའི་ཅན་གྱི་ཚོང་གཉེར་སྐུལ་འདེད་བཏང་སྟེ། མུ་མཐུད་ནས་འགྲན་རྩོད་ཀྱི་དཀའ་གནད་མཐོ་རུ་བཏང་། 

སྐབས་བཅུ་བདུན་པའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུའི་འཕྲེད་རྐྱལ་འགྲན་བསྡུར་དེ་ཟླ6པའི་ཚེས16ཉིན་ནས་ཟླ6པའི་ཚེས26ཉིན་བར་སྤེལ་རྒྱུ་ཡིན། སྐབས་སྔོན་མའི་འགྲན་བསྡུར་དང་བསྡུར་ན། སྐབས་འདིའི་འགྲན་བསྡུར་ལ་ཚལ་རྔ་འགག་ས་ཚིགས་སྒྲིག་བཀོད་བྱས་ཏེ། འགྲན་རྩོད་ཀྱི་དཀའ་གནད་སྔར་ལས་མཐོ་རུ་བཏང་། འོན་ཀྱང་སྐས་རིམ་འགྲན་རྩོད་ཀྱི་འཆར་འགོད་ཐད་སྔར་ལས་ལུགས་མཐུན་ཡིན། འགྲན་བསྡུར་འགན་སྒྲུབ་བྱེད་སའི་སྒེར་གྱི་ཚོང་འགུག་བྱེད་པར་སྐུལ་མ་བྱེད་པ་དང་། འགྲན་ཞུགས་ཁྱབ་ཁོངས་དང་འགྲན་བསྡུར་གཞི་ཁྱོན་སྔར་ལས་རྒྱ་བསྐྱེད་པ་དང་། འགྲན་བསྡུར་ལ་བདའ་འདེད་སྒྲིག་སྲོལ་ལག་བསྟར་མི་བྱེད་པར། ཐོག་མར་སྐར་བསགས་ཀྱི་རྣམ་པ་ནང་འདྲེན་བྱས་ཏེ། ཁྱོན་ཡོངས་ནས་སྒོ་འབྱེད་རང་བཞིན་དང་། ཚོང་ར་ཅན་གྱི་ཚོང་གཉེར་སྐུལ་འདེད་བྱས་ནས། སྲིད་གཞུང་གིས་སྣེ་ཁྲིད་དེ་ཁྱོན་ཡོངས་ནས་ཚོང་ར་ཅན་གྱི་ཚོང་གཉེར་ཕྱོགས་སུ་བསྐྱོད་པའི་གནད་འགག་གི་གོམ་པ་སྤོས། 

འགྲན་བསྡུར་བཀོད་སྒྲིག་ལྟར། འགྲན་བསྡུར་དེ་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་། གུང་ཧོ་རྫོང་ཚལ་རྔ་འགག་གྲོང་རྡལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སོགས་ས་གནས་བཞི་རུ་སྤེལ་རྒྱུ་ཡིན། ཡན་ལག་ས་ཚིགས་ཀྱི་འགྲན་བསྡུར་མཇུག་སྒྲིལ་རྗེས་གནས་སྤོར་བ་ཡིན་ཞིང་། དུས་ཡུན་ཉིན11ཡིན་ལ། རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཕྱི་རོལ་ཐོན་ཁུངས་ལ་བརྟེན་ནས། གནས་སྐོར་དང་རིག་གནས། ཚོང་ཟོང་སོགས་ཁྱད་ལྡན་བྱ་འགུལ་སྤེལ་རྒྱུ་རེད། དེའི་སྐབས་སུ། རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་ཆུ་རྐྱལ་ལས་རིགས་ཀྱི་ཆེད་མཁས་པ་དང་། ཀྲུང་གོའི་སྲོག་སྐྱོབ་མཐུན་ཚོགས་ཀྱི་ཨུ་ཡོན། རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་ཁུལ9ཡི་འཐུས་ཚབ་པ་གདན་དྲངས་ནས། “འགྲན་བསྡུར་ཆེན་མོར་མཐུན་འགྲིག་བྱས་ཏེ་མཉམ་དུ་བདེ་སྐྱིད་ཀྱི་ཆུ་བོ་གསར་སྐྲུན་བྱེད”ཅེས་པ་བརྗོད་དོན་ཡིན་པའི“རྨ་ཆུའི་བཞུར་ཁོངས་ཀྱི་འགྲན་བསྡུར་འཕེལ་རྒྱས་གླེང་སྟེགས”འཚོགས་རྒྱུ་ཡིན་པ་དང་། 《རྨ་ཆུའི་སྒྲོག་གཏམ》ཁྱབ་བསྒྲགས་བྱེད་པ་བརྒྱུད་དེ་ལུས་རྩལ་འགྲན་བསྡུར་བྱ་འགུལ་རབ་དང་རིམ་པ་འཆར་འགོད་བྱས་ཏེ། རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། འགྲན་བསྡུར་མཇུག་སྒྲིལ་རྗེས། རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་བྱ་དགའ་ཐོབ་པའི་ལུས་རྩལ་བ་རྨ་ཆུའི་མགོ་ཁུངས་ལྗོངས་ཁུལ་དུ་སོང་ནས། “ཀྲུང་ཧྭའི་ཆུ་རྐྱལ་མཛངས་མི་རྨ་ཆུའི་མགོ་ཁུངས་སུ་བསྐྱོད”པའི་ལུས་རྩལ་སྤྱི་ཕན་བྱ་འགུལ་གྱི་ལེགས་སྐྱེས་གྲ་སྒྲིག་བྱ་རྒྱུ་རེད། །    

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།