ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་ཡིག་ཚགས་བྱ་བའི་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས13ཉིན་མཚོ་སྔོན་ཞིང་ཆེན་གྱི་ཡིག་ཚགས་བྱ་བའི་ཚོགས་འདུ་དེ་བརྙན་རིས་ཀྱི་རྣམ་པ་བརྒྱུད་ནས་ཟི་ལིང་དུ་འཚོགས་པ་དང་།  ཚོགས་འདུའི་སྟེང་རྒྱལ་ཡོངས་ཡིག་ཚགས་ཅུའུ་ཡི་ཅུའུ་ཀྲང་དང་ཀོན་ཀྲང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཐོག  2022ལོ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་བསྡུས་པ་ནས་བཟུང་གི་ཡིག་ཚགས་བྱ་བར་སྤྱི་བསྡོམས་བྱས་པ་དང2023ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས།     

ཚོགས་འདུའི་སྟེང་ད་ལོ་ནི་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ལོ་ཞིག་ཡིན་པ་དང་།    “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཞིག་ཀྱང་ཡིན་པས་ཡིག་ཚགས་བྱ་བ་ལེགས་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན།     ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ།     ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡིག་ཚགས་བྱ་བར་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ཏེ། ཡིག་ཚགས་བྱ་བ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་དང་གལ་ཆེའི་གནས་བབ་ནང་འཇོག་པ་དང་། དམིགས་ཚད་ཁྲིད་སྟོན་དང་གནད་དོན་ཁྲིད་སྟོན།    བརྒྱུད་རིམ་ཁྲིད་སྟོན།    མཇུག་འབྲས་ཁྲིད་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཐོག ཡིག་ཚགས་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། འགན་འཁྲི་འཁུར་ཕོད་པ་བྱ་རྒྱུ་དེ་བྱ་སྤྱོད་ལག་ལེན་དངོས་སྟེང་ནས་ལྟེ་གནས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཁོག་ལ་ཞབས་འདེགས་ཞུ་དགོས།     

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡིག་ཚགས་བྱ་བར་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་སྐུལ་འདེད་བཏང་སྟེ།     ཡིག་ཚགས་ཐོན་ཁུངས་འཛུགས་སྐྲུན་དང་སྲིད་དོན་ཞབས་ཞུ་བྱེད་ནུས་ཆེ་རུ་གཏོང་བ་དང་།    ཁྲིམས་ལྟར་ཡིག་ཚགས་བཅོས་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ།     ཡིག་ཚགས་གཞི་གྲངས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་གོམ་ཁ་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བྱེད་པ།  ཡིག་ཚགས་སྡེ་ཁག་གི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཡིག་ཚགས་བྱ་གཞག་འཕེལ་རྒྱས་འཆར་འགོད་ཀྱི་གཙོ་གནད་ལས་འགན་སོ་སོ་ལག་བསྟར་བྱ་རྒྱུར་དམ་འཛིན་ལེགས་པོ་བྱས་ནས་ཞན་ཆ་ཁ་གསབ་དང་།   སྤུས་ཚད་ཇེ་ལེགས་སུ་གཏོང་བ།    རྨང་གཞི་སྲ་བརྟན་དང་གསར་གཏོད་ལེགས་པོ་བྱེད་པ་བཅས་རྒྱུན་ཆད་མེད་པར་ཡིག་ཚགས་བྱ་བ་ཁྲིམས་འཛིན་ཅན་དང་ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། མཚོ་སྔོན་གྱི་ཡིག་ཚགས་བྱ་གཞག་དེང་རབས་ཅན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་བསྐྲུན་པར་འབད་པ་བྱེད་དགོས་པའི་བླང་བྱ་བཏོན།  །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།