ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་གི་སློབ་གསོ་དག་ཐེར་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས15ཉིན་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་གི་སློབ་གསོ་དག་ཐེར་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། ཞིང་ཆེན་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཡང་ཚོགས་འདུར་ཞུགས་པ་དང་གཏམ་བཤད། 

ཝང་ཡང་གིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཐོག    ནན་ཏན་སྒོས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན། རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་བྱེད་པའི་དཔུང་ཁག་གི་སློབ་གསོ་དག་ཐེར་དང་།    སྐུལ་སློང་།    བཀོད་སྒྲིག་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེ་པ་དང་།    རང་འགུལ་གྱིས་རྡོ་ལ་རི་མོ་བརྐོས་པ་ལྟར་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་དང་སྲོག་ཤིང་ལྟ་བུའི་སྙིང་སྟོབས་ཀྱི་བག་ཆགས་ཟབ་མོ་འཇོག་པ་སོགས་དང་ལེན་བྱས་ཏེ།    དཔུང་ཁག་འཛུགས་སྐྲུན་ལེགས་པོ་བྱས་ཏེ།    སྤྱི་ཁྱབ་ཧྲུའུ་ཅི་སེམས་བདེ་བ་དང་།    ཏང་ཀྲུང་དབྱང་གི་སེམས་བདེ་བ།    མི་དམངས་མང་ཚོགས་ཡིད་ཚིམ་པར་བྱ་དགོས་ཞེས་བསྟན།  

ཝང་ཡང་གིས་སློབ་གསོ་དག་ཐེར་བྱ་རྒྱུ་ནི་མིག་སྔའི་རིམ་པ་སོ་སོའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ།     “ཆབ་སྲིད་ཀྱི་ལྷག་བསམ་གཏོད་པ་དང་།    སློབ་གསོ་ཐད་དག་གཙང་གི་བསམ་བློར་ཤུགས་སྣོན་པ།” “མང་ཚོགས་ལ་གནོད་པའི་བྱ་སྤྱོད་གཙང་སེལ་བྱེད་པ།    གཅོང་ནད་རྩ་བ་ནས་མེད་པར་བཟོ་བ།    ”“དོ་དམ་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ།    སྒྲིག་ཁྲིམས་ནན་མོ་ལག་བསྟར་བྱེད་པ་དང་འགན་འཁྲི་དང་དུ་ལེན་པ།” “འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་།  ནུས་པ་དང་འགན་འཁྲི་འཁུར་ཕོད་པའི་”དམིགས་ཚད་ལས་འགན་བཞིར་ཤུགས་སྣོན་པ་བརྒྱུད།     སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་བྱེད་པའི་དཔུང་ཁག་རང་ངོས་སུ་གནས་པའི་གནད་དོན་ལ་དམིགས་ཏེ་གཙང་སེལ་ཆེན་པོ་ཐེངས་ཤིག་བྱེད་པ་དང་།     བསམ་བློ་ཆབ་སྲིད་དང་སྒྲིག་ཁྲིམས་བྱ་སྤྱོད།    དོ་དམ་ལྟ་སྐུལ།    འགན་འཁྲི་བསྒྲུབས་པའི་འཇོན་ཐང་བཅས་ཀྱི་ཐད་ལ་མཐོར་འདེགས་ཆེན་པོ་ཡོད་དགོས་པ་ནན་གྱིས་བསྟན།  །       

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།