ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་གསར་བརྗེའི་རྗེས་ཤུལ་གཙོ་བོའི་སྲུང་སྐྱོབ་བེད་སྤྱོད་བྱ་བའི་ཆེད་དོན་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་གྱིས་གསར་བརྗེའི་རྗེས་ཤུལ་གཙོ་བོའི་སྲུང་སྐྱོབ་བེད་སྤྱོད་བྱ་བར་སྐུལ་འདེད་གཏོང་བའི་ཆེད་དོན་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་མགོ་འཛིན་བྱས་པ་དང་། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་བརྗེའི་རིག་དངོས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། རང་ཞིང་གི་གསར་བརྗེའི་རྗེས་ཤུལ་སྲུང་སྐྱོབ་བེད་སྤྱོད་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ། སྲུང་སྐྱོབ་བེད་སྤྱོད་བྱ་བ་བཟང་བོར་བསྒྲུབ་པ་དང་ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་ནན་མོ་བྱེད་པ། དྲིལ་སྒྲོག་ངོ་སྤྲོད་སྣང་ཚུལ་ཇེ་མཐུག་ཏུ་གཏོང་བར་ཁག་ཐེག་བྱེད་པ། མཚོ་སྔོན་གྱི་གསར་བརྗེའི་གཏམ་རྒྱུད་བཟང་བོར་བཤད་དེ། གསར་བརྗེའི་རྗེས་ཤུལ་གྱི་སེམས་ཤུགས་གཅིག་ཏུ་བསྒྲིལ་བ་དང་སྤྱོད་བཟང་འཛུགས་སྐྲུན་དང་མི་སྐྱེད་སྲིང་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་པར་བསྟན།

ཚོགས་འདུའི་སྟེང་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱེད་པ། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། བྱ་བ་སྣ་ཚོགས་དམ་འཛིན་བྱེད་པ། སྲུང་སྐྱོབ་བེད་སྤྱོད་བྱ་བའི་སྤུས་ཚད་དང་གྲུབ་འབྲས་མཐོར་འདེགས་བཏང་སྟེ། སྲུང་སྐྱོབ་བེད་སྤྱོད་མཁྲེགས་གཏོར་བྱ་བའི་རྒྱལ་ཁ་ལེན་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རྩིས་ཐོའི་དོ་དམ་ལ་ཤུགས་སྣོན་པ། འགན་འཁྲི་བགོ་བཤའ་གཏན་ཁེལ་གསལ་བོ་བྱེད་པ། རེ་རེ་བཞིན་དབྱེ་ཞིབ་བྱེད་པ་དང་རེ་རེ་བཞིན་ཐག་བཅད་དེ། བྱ་བའི་ཐད་ནས་ནོར་འཁྲུལ་མི་འབྱུང་བ་དང་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཁག་ཐེག་བྱེད་དགོས། སྤུས་ལེགས་ཐོན་རྫས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སློབ་གསོའི་འདྲེན་བྱེད་གསར་གཏོད་བྱས་ནས། ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། སྒྱུ་རྩལ་རང་བཞིན་གཅིག་གྱུར་བྱས་པའི་རིག་དངོས་ལོ་རྒྱུས་དཔྱད་ཡིག་གི་སྤུས་ལེགས་ཐོན་རྫས་འཛུགས་སྐྲུན་བྱེད་དགོས། གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པར་དམིགས་ནས། འཁོར་རྒྱུག་མ་དཔེ་ལ་ཞིབ་འཇུག་བྱེད་པ་དང་རྒྱ་སྐྱེད་དེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་གསར་བརྗེའི་དཔེ་མཚོན་འཛུགས་སྐྲུན་བྱེད་དགོས། དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། རིག་རྩལ་གསར་རྩོམ་དང་སྨྱན་བྱད་གསར་བའི་སྟེགས་བུ་བཀོལ་སྤྱོད་བྱེད་པ། གསར་བརྗེའི་རིག་དངོས་ཀྱི་ལོ་རྒྱུས་ཀྱི་རིན་ཐང་གལ་ཆེན་དང་མངོན་སུམ་དོན་སྙིང་དྲིལ་སྒྲོག་བྱེད་པ། སྤྱི་ཚོགས་སྟོབས་ཤུགས་ཟབ་ཞུགས་བྱེད་པར་སྐུལ་སློང་བཏང་ནས། མང་ཚོགས་ཀྱི་རྒྱབ་སྐྱོར་དང་གཞོགས་འདེགས་བརྩོན་ལེན་བྱེད་དགོས་པར་ནན་གྱིས་བསྟན།

ཚོགས་འདུའི་སྟེང་གསར་བརྗེའི་རྗེས་ཤུལ་སྲུང་སྐྱོབ་བེད་སྤྱོད་བྱ་བ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། འབྲེལ་ཡོད་འཆར་འགོད་དང་ཇུས་གཞི་ལ་གྲོས་ཞིབ་བྱས་ལ། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གི་འགན་འཁུར་མི་སྣས་གཏམ་བཤད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།