ཀྲུང་གོ་བོད་ཀྱི་དྲ་བ།

2023ལོའི་རྨ་ཆུའི་སྟོད་རྒྱུད་ཀྱི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཕྱོགས་བསྡུས་རྟོག་ཞིབ་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས6ཉིན་ནས་ཚེས9ཉིན་བར།    2023ལོའི་རྨ་ཆུའི་སྟོད་རྒྱུད་ཀྱི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཕྱོགས་བསྡུས་རྟོག་ཞིབ་བྱ་འགུལ་རྨ་ཆེན་གངས་རི་ནས་སྤེལ་མགོ་བརྩམས་པ་དང་།      བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་གཏིང་ཟབ་མོས་ངང་རྨ་ཆུའི་ཆུ་མགོའི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་ཤེས་རྟོགས་བྱས་ནས། དུས་ཐོག་ཏུ་འཁྱགས་རོམ་ཞན་འགྱུར་གྱི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། གཙང་གསུམ་འབྱུང་ཡུལ་རྨ་ཆུའི་སྟོད་རྒྱུད་ཀྱི་འབྲེལ་ཡོད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ས་གཤིས་ཀྱི་གནོད་འཚེ་སྔོན་བརྡ་གཏོང་ཆེད་རེད།     

ཐེངས་འདིའི་ཚན་རིག་རྟོག་ཞིབ་དེ་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་ཐེབས་རྩ་ཚོགས་པས་སྣེ་ཁྲིད་པ་དང་། ཀྲུང་གོ་ཚན་རིག་ཁང་གི་སློབ་ཆེན་དང་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་ཁང་།    མཚོ་སྔོན་སློབ་ཆེན་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་བཅས་མཉམ་དུ་སྤེལ་བ་རེད།      རྟོག་ཞིབ་ཚོགས་པ་ཡུལ་དངོས་སུ་སོང་ནས་རྨ་ཆེན་གངས་རི་དང་དེའི་ཉེ་འཁོར་ས་ཁུལ་གྱི་འཁྱགས་རོམ་དང་ཆུའི་ཐོན་ཁུངས་ཀྱི་འགྱུར་ལྡོག   གནམ་གཤིས་ངན་པའི་རྐྱེན་གྱིས་སྒོ་ཕྱུགས་དང་།   རི་སྐྱེས་སྲོག་ཆགས།    འབྲོག་པའི་འཚོ་གནས་བཅས་ལ་ཐེབས་པའི་ཤུགས་རྐྱེན་སོགས་ལ་རྟོག་ཞིབ་བྱས་པ་མ་ཟད།    ཉེ་འཁོར་གྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་འགྲོ་ཚུལ་སོགས་ལ་དམིགས་ནས་ཡུལ་དངོས་སུ་རྟོག་ཞིབ་དང་ཞིབ་འཇུག་བྱས་པ་རེད།     

ངོ་སྤྲོད་བྱས་པ་ལྟར་ན།    རྟོག་ཞིབ་བྱ་ཡུལ་ནང་གི་འཁྱག་རོམ་སྲུང་སྐར་རྒྱང་ཚོར་བརྙན་ཕབ་དང་།    ཞིབ་འཇུག་ཁུལ་གྱི་རང་བྱུང་མི་ཆོས་ཐོན་ཁུངས་བརྟག་དཔྱད་ཀྱི་མ་གནས།    གཙང་བོ་སོ་སོའི་དཔེ་མཚོན་ཆུ་གནས་དང་ས་རྒྱུ།    རྩི་ཤིང་ཐཱན་གསོག་ཚད་སོགས་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་བོ་འབབ་རྒྱུད་ཀྱི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གཅིག་གྱུར་འཆར་འགོད་སོགས་ཀྱི་སྙན་ཞུ་སྤེལ་རྒྱུ་ཡིན་ལ། ནང་དོན་ཐད་ཞིབ་འཇུག་ཁུལ་གྱི་རང་བྱུང་ཐོན་ཁུངས་གསོག་འཇོག་དང་།    མི་ཆོས་མཛེས་ལྗོངས།    རང་བྱུང་གནོད་འཚེའི་ཉེན་ཁའི་ཚོད་ཞིབ།  ཉེ་འཁོར་གྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས།    དམངས་འཚོའི་གྲོང་གསེབ་དར་སྤེལ་སོགས་འདུས།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།