ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་རྒྱ་འཆམ་གཙོ་བྱས་ཏེ་དཔྱིད་གསར་སྐབས་ཀྱི་དངོས་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་གྱི་ལག་ལེན་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས7ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་གསལ་ལྟར་ན།    མཚོ་སྔོན་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་དུས་ཆེན་སྐབས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད།    མཚོ་སྔོན་ཞིང་ཆེན་གྱིས“མཛེས་སྡུག་ལྡན་པའི་མཚོ་སྔོན·དངོས་མིན་ཤུལ་བཞག་རིག་གནས་མཉམ་དུ་ལོངས་སྤྱོད་བྱེད”ཅེས་པ་བརྗོད་དོན་ཡིན་པའི་དྲ་ངོས་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད་དེ།  ཕུན་སུམ་ཚོགས་པའི་དཔྱིད་གསར་དུས་ཆེན་གྱི་དངོས་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་གྱི་ལག་ལེན་བྱ་འགུལ་ཐེངས་བརྒྱ་ལྷག་ཙམ་རྩ་འཛུགས་བྱས་པ་དང་མང་ཚོགས་ཁྲི་260ལ་ཕན་བདེ་བསྐྲུན།     

རང་ཞིང་གིས་སྲོལ་རྒྱུན་གྱི་རྒྱ་འཆམ་གཙོར་བྱས་ནས་དཔྱིད་གསར་དུས་ཆེན་གྱི་དངོས་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་ལག་ལེན་བྱ་འགུལ་ཐེངས69སྤེལ་བ་དང་དེའི་ནང་རིམ་པ་སོ་སོའི་དངོས་མིན་ཤུལ་བཞག་རིག་གནས་ཀྱིརྣམ་གྲངས45ཚུད་ཡོད་ལ།   སོ་སོར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར་མཉམ་སྒྲོག་ལས་མངོན་པའི་ལི་ཏུའུ་ཡི་རྨ་ཆུའི་ཁུགས་སོའི་གློག་ཞུ་དང་ཧོང་ཡོན་གློག་ཞུ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་རྒྱ་ལོའི་བཅོ་ལྔའི་དུས་ཆེན་ལ་ཞུགས་པ་བཅས་ཡོད།     སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་དང་།   ཧོང་ཀྲུང་རྫོང་སྟོང་དཔོན་གཞིས་སྒར་དང་རུ་གསར་གྲོང་རྡལ་གྱི་རྒྱ་འཆམ།    རྨ་ལྷོའི་ལྷ་མོ་ཟློས་གར་སོགས་དངོས་མིན་ཤུལ་བཞག་རིག་གནས་སོགས་རྣམ་གྲངས10ལྷག་གིས་ས་གནས་སོ་སོའི་ཐུན་མོང་མ་ཡིན་པའི་དངོས་མིན་རིག་གནས་ཀྱི་མཛེས་ཉམས་མངོན་པ་དང་མི་རྣམས་ཀྱི་ཡིད་དབང་འཕྲོག  སྐོར་བྲོ་དང་།   རྒྱའི་ལ་གཞས།  ཀོ་བརྙན་ཟློས་གར་སོགས་རིམ་པ་དང་རིགས་སོ་སོའི་དངོས་མིན་ཤུལ་བཞག་རིག་གནས་རྣམ་གྲངས་གྲོང་གསེབ་དང་སྡེ་ཁུལ།    མཛེས་ལྗོངས་ཁུལ།    ཁྲོམ་གཞུང་བཅས་སུ་སྤེལ་ནས་མང་ཚོགས་ཀྱིས་སྒོ་འགྲམ་དུ་དཔྱིད་གསར་དུས་ཆེན་གྱི་གོམས་སྲོལ་ལ་རོལ་མྱོང་བྱེད་ཐུབ་པར་བྱས།   །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།