ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་ལས་བཟོའི་ལས་རིགས་ཀུན་སྤྱོད་འཛུགས་སྐྱོང་ལ་གྲུབ་འབྲས་བཟང་བོ་ཐོབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ2པའི་ཚེས6ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ནས་ཤེས་གསལ་ལྟར་ན།  ཉེ་ཆར།  ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དང་ཞིང་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ།  ཞིང་ཆེན་དཔལ་ཡོན་གཞུང་ལས་ཁང་།  ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་།  ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་།  ཞིང་ཆེན་ཚོང་དོན་ཐིང་བཅས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བའི2020ལོ་ནས2021ལོའི་བར་གྱི་མཚོ་སྔོན་ཞིང་ཆེན་གྱི་ལས་བཟོའི་ལས་རིགས་ཀུན་སྤྱོད་དཔྱད་འདེམས་གཟེངས་བསྟོད་འབྲས་བུ་དངོས་སུ་ཁྱབ་བསྒྲགས་བྱས།  ལས་ཁུངས10ལ2020ལོ་ནས2021ལོའི་བར་གྱི་མཚོ་སྔོན་ཞིང་ཆེན་གྱི་ལས་བཟོའི་ལས་རིགས་ཀུན་སྤྱོད་འཛུགས་སྐྱོང་གི“རྩེ་གྲས་བཅུའི”ལས་ཁུངས་ཀྱི་མཚན་སྙན་སྤྲད་པ་དང་།  བློ་མཐུན10ལ2020ལོ་ནས2021ལོའི་བར་གྱི་མཚོ་སྔོན་ཞིང་ཆེན་གྱི་ལས་བཟོའི་ལས་རིགས་ཀུན་སྤྱོད་འཛུགས་སྐྱོང་གི“དཔེ་བཟང་བཅུའི”མཚན་སྙན་སྤྲད།  གཟེངས་བསྟོད་ཐོབ་པའི་ལས་ཁུངས་དང་མི་སྒེར་ནི་སློབ་གྲྭ་དང་སྨན་བཅོས་འཕྲོད་བསྟེན།  འགྲིམ་འགྲུལ།  ཁྲལ་དོན།  སྦྲག་སྲིད།  ལས་གཞའི་ཨར་ལས།  མྱུར་སྐྱེལ།  སྤྱི་བདེ།  ཞིང་ཕྱུགས།  གློག་ནུས།  གློག་འཕྲིན།  ནགས་ལས་སོགས་ལས་རིགས10ལྷག་ཙམ་ཡིན་པ་དང་།  ལས་རིགས་སོ་སོ་ནས་ཐོན་པའི་ལས་གནས་ལ་གཅེས་པ་དང་ལས་གནས་ལ་བརྩོན་པའི་སྔོན་ཐོན་དཔེ་བཟང་ཅན་དག་དག་རེད། 

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་ཀྱིས་མུ་མཐུད་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག  དོན་འཁྱོལ་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས།  ལས་བཟོ་པའི་བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ལས་བཟོ་པའི་ལས་རིགས་ཀྱི་ཀུན་སྤྱོད་ལེགས་སྐྱོང་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ།  ངལ་རྩོལ་དཔེ་བཟང་ཅན་གྱི་སྙིང་སྟོབས་དང་།  ངལ་རྩོལ་གྱི་སྙིང་སྟོབས།  ལག་ཤེས་པའི་སྙིང་སྟོབས་བཅས་དར་སྤེལ་དུ་ཆེན་བཏང་ནས།  རྒྱ་ཆེའི་ལས་བཟོ་པས་རང་རྟོགས་ཀྱི་སྒོ་ནས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་ཁྲིད་སྟོན་བྱས།  །  

རྩོམ་སྒྲིག་པ། : བདེ་ལེགས་མཚོ།