ཀྲུང་གོ་བོད་ཀྱི་དྲ་བ།

ན་གོར་མོ་གནམ་གྲུ་ཐང་གི་འགྲུལ་ཟོག་སྐྱེལ་འདྲེན་ལ་གྲུབ་འབྲས་བཟང་བོ་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ2པའི་ཚེས6ཉིན།  གསར་འགོད་པས་མཚོ་སྔོན་གནམ་གྲུ་ཐང་ཚད་ཡོད་ཀུང་སིའི་ན་གོར་མོ་གནམ་གྲུ་ཐང་ཡན་ལག་ཀུང་སི་ནས་ཤེས་གསལ་ལྟར་ན།  2023ལོའི་ཟླ1པོར།  ན་གོར་མོ་གནམ་གྲུ་ཐང་དུ་དུས་གཏན་གནམ་གྲུ་ཐེངས146འཕུར་བ་དང་།  འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས11318ཟིན།  དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན32ཟིན་པ་དང་།  སོ་སོར་དུས་མཉམ་ལས1.4%དང་།  18.9%།  298%བཅས་འཕར་ཡོད།  འགྲུལ་བའི་ཆ་སྙོམས་སྡོད་ཚད59.1%ཟིན་པ་དང་།  དེ་ལོ་གོང་མའི་དུས་མཉམ་ལས་བརྒྱ་ཆའི་ཚེག8འཕར་ནས།  འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་ཐད་ནས་གྲུབ་འབྲས་བཟང་བོ་བླངས།

མགྱོགས་མྱུར་ངང་ལས་རིགས་གཙོ་བོ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད།  ན་གོར་མོ་གནམ་གྲུ་ཐང་ཡན་ལག་ཀུང་སིས་མཁའ་འགྲུལ་ཀུང་སི་དང་འབྲེལ་གཏུག་མཐུན་སྦྱོར་བྱས་ནས།  ཟླ1པོའི་ཟླ་འགོར་ཟི་ལིང་དང་ཞི་ཨན།  ཝུན་ཀྲོའུ་བཅས་ཀྱི་དུས་གཏན་གནམ་གྲུ་སླར་གསོ་བྱས་ཏེ་འགྲུལ་པ་འགྲོ་སྐྱོད་ལ་སྟབས་བདེ་བསྐྲུན།  དེ་དང་ཆབས་ཅིག  ཟི་ལིང་ནས་ན་གོར་མོ་བར་གྱི་རིན་གོང་དམའ་ཤོས་ཀྱི་གནམ་གྲུའི་པ་སེ་སྒོར500མར་བཅག་ནས།  “ཚོང་ར་དང་མཛེས་ལྗོངས་ཁུལ།  ཁེ་ལས།  ཟོག་འདྲེན”བཅས་ཀྱི་མཁའ་ལམ་གྱི་དུས་གཏན་གནམ་གྲུའི་ཆེད་དོན་གཉེར་ཚོང་བྱེད་སྒོ་སྤེལ་བ་དང་འབྲེལ།  འགྲུལ་ཁུངས་སྒྲིག་འཛུགས་ལ་ཤུགས་སྣོན་བརྒྱབ་ནས།  ཧྲུན་ཧྥུན་ན་གོར་མོ་ཡན་ལག་ཀུང་སིས་མཁའ་འགྲུལ་ཟོག་འདྲེན་གྲངས་འབོར་ཇེ་མང་དུ་བཏང་།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།