ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ལྷོའི་ཧྲུའུ་ཅི9ཡིས་ལས་གནས་ཞིབ་བརྗོད་ཀྱིས་གཞི་རིམ་ཏང་འཛུགས་ལ་དོ་སྣང་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས3ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཨུའི་རྒྱུན་ཨུའི(རྒྱ་བསྐྱེད)གྲོས་ཚོགས་བསྡུས་ནས། ཧྲུའུ་ཅིའི་གཞི་རིམ་ཏང་འཛུགས་བྱ་བ་དང་ཟུང་འབྲེལ་སྒོས་ཏང་འཛུགས་བྱ་བའི་ལས་གནས་ཞིབ་བརྗོད་དཔྱད་ཞིབ་བྱས་པ་དང་། རྫོང་ཏང་ཨུའི་ཧྲུའུ་ཅི5དང་། ཁུལ་ཐད་གཏོགས་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི4ཡིས་ལས་གནས་ཞིབ་བརྗོད་ལ་ཉན། 

མཚོ་ལྷོ་ཁུལ་གྱིས་ཏང་རྩ་འཛུགས་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་བྱེད་ནུས་ཀྱི་ལས་འགན་གལ་ཆེན་ལ་དམིགས་ནས། གཞི་རིམ་ཏང་འཛུགས་དེ་འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་ཞིག་ཏུ་བསྐྱོད་པར་སྐུལ་འདེད་བཏང་བ་དང་། དུས་རབས་གསར་བའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་རྩ་འཛུགས་འགན་སྲུང་མཁོ་འདོན་བྱས། མཚོ་ལྷོ་ཁུལ་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏན་ཏིག་གིས་ཞིང་ཆེན་ཏང་ཨུ་དང་། མཚོ་ལྷོ་ཁུལ་ཨུའི་བྱ་བའི་བླང་བྱ་ལག་ལེན་དོན་འཁྱོལ་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱེད་པ་དེས་ལོ་ཧྲིལ་བོའི་བྱ་བ་སོ་སོར་སྦྲེལ་ནས། དཔེར་མཚོན་གྱིས་ཁྲིམས་སྐྱོང་འཛུགས་སྐྲུན་ཤུགས་དྲག་གི་ཁྱབ་ཁོངས་སོ་སོའི་གཞི་རིམ་ཏང་རྩ་འཛུགས་ལ་སྣེ་ཁྲིད་དེ། ཏང་འཛུགས་ཀྱི་པར་རིས་གསར་བ་འཛུགས་སྐྲུན་དང་། ཏང་འཛུགས་ཀྱིས་ལྗང་མདོག་མཚོ་ལྷོ་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་སྣེ་ཁྲིད་དེ། ཁྱབ་ཁོངས་སོ་སོའི་ཏང་འཛུགས་བྱ་བར་ཕན་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་། 

མཚོ་ལྷོ་ཁུལ་གྱིས་ཁྱབ་ཁོངས་སོ་སོའི་ཁྱད་ཆོས་འབུར་ཐོན་བྱས་པ་དང་། ཁྱོན་ཡོངས་ནས་ཚན་རིག་གི་གཞི་རིམ་རྩ་འཛུགས་མ་ལག་འཛུགས་སྐྲུན་བྱས་ནས། ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་ཏང་ཀྲི་པུའུ་གསར་སྐྲུན་བྱས་ཏེ། ལས་རྣམ་གསར་བའི་ཏང་འཛུགས་ཀྱི་དཀའ་ཁག་གཏོར། ལས་བྱེད་འཇོན་མིའི་དཔུང་ཁག་ལ་དམིགས་ནས། མུ་མཐུད་དུ་རྩལ་ནུས་མཐོར་འདེགས་སུ་བཏང་། ལས་བྱེད་པ་ཕྱིར་འགྲོ་བའི་ཤུགས་ཚད་ཆེ་རུ་གཏོང་བ་དང་། ཐབས་བརྒྱ་ཇུས་སྟོང་གིས་འཇོན་མི་གསོ་སྐྱོང་དང་འཇོན་འགུག་བྱས་ནས། སྤུས་ཚད་མཐོ་བའི་ཐོད་བརྒལ་འཕེལ་རྒྱས་ཀྱི་འཇོན་མིའི་གཞོགས་འདེགས་ལ་ཤུགས་བསྣན་ནས། ཏང་ཡོན་ལས་བྱེད་པའི“འདུ་ཤེས་བཞི”མཐོར་འདེགས་དང་། “ཡིད་ཆེས་བཞི”སྲ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་པར་བྱས་ནས། ལྟེ་གནས་དང་དམ་དུ་འབྲེལ་བ་དང་། སྤྱི་ཁྱོན་ལ་ཞབས་ཞུ་བྱས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།