ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ཁུལ་གྱི་དྲོད་གྲང་ཧ་ཅང་དམའ་བའི་མཁའ་རླུང་ཡོང་ཁུངས་ཀྱི་ཚ་བ་གཤེར་འཐེན་འཕྲུལ་ཆས་ཀྱི་དྲོད་ལེན་མ་ལག་གི་ལག་རྩལ་བཀོལ་སྤྱོད་དཔེ་སྟོན་རྣམ་གྲངས་དངོས་སུ་སྐྲུན་མགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2022ལོའི་ཟླ12པའི་ཚེས31ཉིན། “མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ཁུལ་གྱི་དྲོད་གྲང་ཧ་ཅང་དམའ་བའི་མཁའ་རླུང་ཡོང་ཁུངས་ཀྱི་ཚ་བ་གཤེར་འཐེན་འཕྲུལ་ཆས་ཀྱི་དྲོད་ལེན་མ་ལག་གི་ལག་རྩལ་བཀོལ་སྤྱོད་དཔེ་སྟོན”རྣམ་གྲངས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་སྡེ་དགུ་གྲོང་ཚོར་ལས་མགོ་ཚུགས་པ་དང་། གྲོང་ཚོ་དེའི་ཁྱིམ་ཚང110ཡི་གྲོང་མིའི་སྡོད་ཁང་གི་དྲོད་རླངས་མཁོ་འདོན་བསྒྱུར་བཀོད་ལས་དོན་དེ་ངོ་བོའི་ཐོག་ནས་ལག་བསྟར་བྱེད་པའི་དུས་མཚམས་སུ་སླེབས་པ་མཚོན་ཡོད།    

རྣམ་གྲངས་དེ་ནི་ཡུས་ཧྲུའུ་གྲོང་ཁྱེར་སྡེ་དགུ་གྲོང་ཚོའི་གནོད་ཕྱིའི་བསྐྱར་སྐྲུན་རྣམ་གྲངས་ཀྱི་གནད་དོན་དག་ཐེར་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད།     ཞིང་ཆེན་ཚན་རྩལ་ཐིང་གིས་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱས་ཏེ།  མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག  ཡུས་ཧྲུའུ་ཁུལ་སྲིད་གཞུང་དང་ཡུས་ཧྲུའུ་གྲོང་ཁྱེར་སྲིད་གཞུང་།    ཞིང་ཆེན་ཚན་རྩལ་ཐིང་།   སྡེ་དགུ་གྲོང་ཚོའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མིང་རྟགས་བཀོད་པའི《ཡུས་ཧྲུའུ་གྲོང་ཁྱེར་སྡེ་དགུ་གྲོང་ཚོའི་གནོད་ཕྱིའི་བསྐྱར་སྐྲུན་རྣམ་གྲངས་ཀྱི་གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི་གྲོས་མཐུན》གཞིར་བཟུང་། དྲོད་རླངས་མཁོ་འདོན་སྒྲིག་ཆས་བདེ་འཇགས་བརྟན་ལྷིང་དང་།    བཀོལ་སྤྱོད་སྟབས་བདེ།    འགྲོ་སྒོ་ཆུང་ཞིང་གོ་ཆོད་པ་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས།  “མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཁུལ་གྱི་དྲོད་གྲང་ཧ་ཅང་དམའ་བའི་མཁའ་རླུང་ཡོང་ཁུངས་ཀྱི་ཚ་བ་གཤེར་འཐེན་འཕྲུལ་ཆས་ཀྱི་དྲོད་ལེན་མ་ལག་གི་ལག་རྩལ་བཀོལ་སྤྱོད་དཔེ་སྟོན”རྣམ་གྲངས་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱས།   །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།