ཀྲུང་གོ་བོད་ཀྱི་དྲ་བ།

རྨ་སྟོད་ཁྲིམས་ཁང་གཅེན་གཅུང་མཚོ་འདུམ་སྒྲིག་ཁང་གིས་ཞུ་གཏུག་མ་བྱས་གོང་ལ་རྩོད་གཞི་མང་པོ་མགྱོགས་མྱུར་ངང་འདུམ་སེལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བསམ་ནོར་གྱིས་བསྒྱུར།   སྤེལ་དུས། : 2022-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་ཁྲིམས་ཁང་གཅེན་གཅུང་མཚོ་འདུམ་སྒྲིག་ཁང་གི་ཁྲིམས་དཔོན་གྱིས་ཉིན3གྱི་ནང་། རྩོད་གཞི3ཞུ་གཏུག་མ་བྱས་གོང་ལ་འདུམ་སེལ་བྱས་པ་དང་། ཁེ་དབང་འཛིན་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས་པ་དང་། གཏུག་བཤེར་མིན་པའི་རྩོད་གཞི་ཐག་གཅོད་བྱེད་པའི་ཐབས་ལམ་སྔོན་ལ་བཞག་སྟེ། ཁྲིམས་འཛིན་འདུམ་འགྲིག་ལས་ཀར་བརྟེན་ནས་གང་ནུས་ཀྱིས་མི་དམངས་མང་ཚོགས་ཀྱི་ཞུ་གཏུག་གི་དཀའ་ངལ་ཇེ་ཆུང་དུ་བཏང་།

2021ལོར། ཞུ་སྦྱོར་སྔ་མས་ཕྲེང་བ་གཅིག་ཞུ་སྦྱོར་ཕྱི་མར་བཙོང་། ཕྱོགས་གཉིས་ཀས་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་པ་མ་ཟད། དུས་བཅད་ལྟར་ཉོ་སྒྲུབ་གྲོན་དངུལ་སྤྲོད་དགོས་པའི་ཁ་ཆད་བཞག འོན་ཀྱང་། ཞུ་སྦྱོར་ཕྱི་མས་དུས་བཅད་ལྟར་ཉོ་སྒྲུབ་གྲོན་དངུལ་སྤྲོད་མ་ཐུབ་པས། ཐེངས་མང་བོར་ཁ་པར་ལས་སྐུལ་མ་བཏང་མོད་མཇུག་འབྲས་མ་བྱུང་། དེ་བས་ཞུ་སྦྱོར་སྔ་མས་རྨ་སྟོད་ཁྲིམས་ཁང་ལ་ཞུ་གཏུག་བྱས། གྱོད་དོན་བདག་སྤྲོད་བྱས་རྗེས། སྒྲུབ་འགན་འཁུར་བའི་ཁྲིམས་དཔོན་གྱིས་ཕྱོགས་གཉིས་པོར་ཉོ་ཚོང་གན་རྒྱའི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གསལ་བཤད་བྱས་པ་མ་ཟད། ཕྱོགས་གཉིས་པོས་དངོས་ཐོག་བདེན་འཚོལ་ངང་ཆད་དངུལ་གྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན་པ་མ་ཟད། ད་དུང་འཇིག་རྟེན་གྱི་འགྲོ་ལུགས་ལྟར་ཕྱོགས་གཉིས་པོས་རྩོད་གཞི་ཐག་གཅོད་བྱེད་སྐབས་ཀྱི་མི་འགྲིག་པའི་ཆ་གསལ་བོར་བསྟན་ནས་རྩོད་གཞི་འོས་འཚམ་ངང་འདུམ་འགྲིག་བྱ་རྒྱུའི་གྲོས་འགོ་བཏོན་པར་བརྟེན། མཐར་ཕྱོགས་གཉིས་པོས་འདུམ་འགྲིག་གྲོས་མཐུན་བཞག་པ་རེད།

འགལ་བ་དང་རྩོད་གཞིར་དོན་ཆུང་མེད་པས། འདུམ་འགྲིག་ཧུར་ཐག་བྱས་ནས་ཞི་མཐུན་ཡོང་བར་བྱེད་དགོས། རྨ་སྟོད་ཁྲིམས་ཁང་གིས་ཐོག་མཐའ་བར་གསུམ་དུ་ཞུ་གཏུག་མིན་པའི་རྩོད་གཞི་ཐག་གཅོད་བྱེད་པའི་ལམ་སྲོལ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་ཞུ་གཏུག་མ་བྱས་གོང་གི་འདུམ་འགྲིག་གི་ལེགས་པའི་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཞུ་གཏུག་གི་ཡོང་ཁུངས་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གྱོད་གཞི་ཞིབ་གཅོད་ཀྱི་ནུས་པ་མཐོར་འདེགས་དང་། དོ་བདག་གི་གཏུག་བཤེར་འགྲོ་གྲོན་ཇེ་ཉུང་དུ་བཏང་སྟེ། མང་ཚོགས་ཀྱི་ཁེ་ཕན་དེ་བྱ་བའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། མང་ཚོགས་ལ་སྟབས་བདེ་བསྐྲུན་ཞིང་། ཁྲིམས་འཛིན་གྱི་ཕན་འབྲས་སྔར་བས་ཇེ་མཐོར་བཏང་།

རྩོམ་སྒྲིག་པ། : བསམ་ནོར།