ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་ལས་ཁུངས6ལ་རྒྱལ་ཁབ་ཀྱི་གཟེངས་བསྟོད་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-12-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་སྒྲིག་ལམ་གཙང་སེལ་དང་ལེགས་སྒྲིག་བྱེད་པའི་ཆེད་དམིགས་བྱ་འགུལ་མཇུག་སྒྲིལ་བ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་གཞུང་སྒྲུབ་ཐིང་དང་རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་གཞུང་སྒྲུབ་ཐིང་གཉིས་ཀྱིས་མཉམ་འབྲེལ་སྒོས་བརྡ་སྦྱོར་བཏང་ནས། མཚོ་སྔོན་ཞིང་ཆེན་གྱིས་ཆེད་དམིགས་ཁྲིམས་འཛིན་འགུལ་སྐྱོད་ཁྲོད་ཧུར་ཐག་གིས་རང་སྟེང་གི་འགན་འཁྲི་བྱེེད་ནུས་འདོན་སྤེལ་དང་ལས་འགན་ལེགས་འགྲུབ་བྱས་ཤིང་། འབུར་ཏུ་ཐོན་པའི་གྲུབ་འབྲས་བླངས་པའི་སྔོན་ཐོན་ལས་ཁུངས6ལ་བརྡ་སྦྱོར་བཏང་ནས་གཟེངས་བསྟོད་གནང་།

ལས་ཁུངས6ནི་སོ་སོར་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ངལ་རྩོལ་ལྟ་སྐུལ་ཅུའུ་དང་ཟི་ལིང་གྲོང་ཁྱེར་ངལ་རྩོལ་འགན་སྲུང་ལྟ་བཤེར་རུ་ཁག མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ངལ་རྩོལ་འགན་སྲུང་ལྟ་བཤེར་རུ་ཁག མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ངལ་རྩོལ་འགན་སྲུང་ལྟ་བཤེར་རུ་ཁག མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ངལ་རྩོལ་འགན་སྲུང་ལྟ་བཤེར་རུ་ཁག ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་བཅས་ཡིན།

ད་ལོའི་ཟླ6པ་ནས་ཟླ7པའི་བར། རྒྱལ་ཁབ་ཀྱིས་གཅིག་གྱུར་བཀོད་སྒྲིག་ལྟར། མཚོ་སྔོན་ཞིང་ཆེན་གྱིས་ལས་ཞུགས་བརྟན་བརླིང་གི་ཁྱོན་ཡོངས་ལ་གཞིགས་ནས། མཐོ་རིམ་མཐར་ཕྱིན་སློབ་མ་སོགས་ཀྱི་ཁྱུ་ཚོགས་གཙོ་གནད་དུ་བཟུང་ནས། ལས་ཞུགས་དམའ་འབེབས་དང་གདན་ཞུ་རྫུན་མའི་མགོ་སྐོར། རིགས་སོ་སོའི་རྩོལ་ལས་མངག་གཏོང་དང་རྩོལ་ལས་མཚམས་སྦྱོར་གྱི་རྙོག་འཛིང་རྣམ་པ་སོགས་མི་ཤུགགས་ཐོན་ཁུངས་ཞབས་ཞུའི་གོ་རིམ་ཁྲོད་འབུར་ཏུ་ཐོན་པའི་ཁྲིམས་འགལ་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱས།

ཐེངས་འདིའི་ཆེད་དམིགས་འགུལ་སྐྱོད་ལ་ཞིང་ཆེན་ཡོངས་སུ་མི་ཐེངས841འགུལ་སྐྱོད་བྱས། དེའི་ནང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གི་མི་ཐེངས478ཞུགས་ལ། མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས158དང་མི་བཀོལ་ལས་ཁུངས732ལ་ཞིབ་བཤེར་བྱས། མུ་མཐུད་དུ་སྲིད་འཛིན་ཁྲིམས་འཛིན་གྱི་དབང་སྲུང་ཐབས་ལམ་ཐོགས་མེད་དང་སྡེ་ཁག་བར་གྱི་མཐུན་སྦྱོར་རོགས་རེས་ལ་ཤུགས་སྣོན་བྱས་པ་བརྒྱུད། གསལ་འདེབས་གླེང་མོལ་དང་སྲིད་འཛིན་ཕྱོགས་སྟོན། སྤྱི་ཚོགས་ཁྱབ་བསྒྲགས། སྲིད་འཛིན་ཆད་གཅོད་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་བེད་སྤྱོད་བྱས་ནས་ཁྲིམས་ལྟར་ངལ་རྩོལ་པའི་འདྲ་མཉམ་ལས་ཞུགས་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་ཤུགས་ཐོན་ཁུངས་ཞབས་ཞུའིི་བྱ་འགུལ་སྔར་བས་ཚད་ལྡན་དུ་བཏང་ཞིང་། འདྲ་མཉམ་དང་ཚད་ལྡན། འགྲན་རྩོད་བཅས་ཀྱི་སྒྲིག་ལམ་ལྡན་པའི་ལས་ཞུགས་ཁོར་ཡུག་ཅིག་བཏོད་དེ། ཕན་ནུས་ལྡན་པའི་སྒོ་ནས་མཚོ་སྔོན་གྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྒྲིག་ལམ་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།