ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་རིམས་ནད་འགོག་སྡོམ་ཡུལ་དངོས་ཀྱི་ལས་བྱེད་པར་སེམས་ཁུར་བྱེད་པའི་བྱེད་ཐབས་སྣ8བཏོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པའི་སྒོ་ནས་རིམས་ནད་འགོག་སྡོམ་ཡུལ་དངོས་ལས་བྱེད་པའི་བརྩེ་བའི་ཤུགས་ཚད་ཆེ་རུ་གཏོང་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་《ཡུལ་དངོས་ལས་བྱེད་པར་སེམས་ཁུར་བྱེད་པའི་བྱ་བར་ཤུགས་སྣོན་བྱེད་པའི་སྐོར་གྱི་བརྡ་སྦྱོར》(གཤམ་དུ《བརྡ་སྦྱོར》)དཔར་འགྲེམ་བྱས་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དུས་ཡུན་རིང་བོར་རིམས་ནད་འགོག་སྡོམ་ཡུལ་དངོས་ལས་བྱེད་པར་དོ་སྣང་བྱེད་པ་དང་། ཆབ་སྲིད་སྟེང་སེམས་ཁུར་དང་། བསམ་བློའི་སྟེང་ཐུགས་ཁུར། འཚོ་བའི་སྟེང་གཅེས་སྐྱོང་བྱས་ཏེ། ཡུལ་དངོས་ལས་བྱེད་པར་གཏོང་ཕོད་འགན་འཁྲི་ཕྲག་ཏུ་ལེན་པ། ཧུར་ཐག་བྱེད་སྟངས་སྐུལ་སྤེལ་ལ་སྣེ་ཁྲིད་བྱས་ཏེ། རིམས་ནད་འགོག་སྡོམ་ལས་རྣམ་པར་རྒྱལ་བར་རྩ་འཛུགས་འགན་སྲུང་བརྟན་པོ་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན། 

《བརྡ་སྦྱོར》ལས། བྱ་བའི་སྟོབས་ཤུགས་ལུགས་མཐུན་སྡེབ་སྒྲིག་དང་། ལས་རེས་འཁོར་བ་དང་། ལས་གནསABསྒྲིག་སྲོལ་སྐུལ་འདེད་བཏང་སྟེ། བྱ་བའི་ལས་འགན་ལྕི་བའི་གནས་སུ། གཅིག་གྱུར་སྒོས་ལས་བྱེད་པའི་ངལ་གསོ་ཁ་གསབ་སྡེབ་སྒྲིག་དང་། རྒྱབ་ཕྱོགས་གཞོགས་འདེགས་ཞབས་ཞུའི་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་པ་དང་། རིམས་ནད་འགོག་སྡོམ་ཡུལ་དངོས་ལས་བྱེད་པའི་བྱ་བའི་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་སུ་གཏོང་བ་དང་། ལས་བྱེད་པའི་ལུས་ཕུང་བདེ་ཐང་ཞིབ་བཤེར་སྒྲིག་སྲོལ་གཟབ་ནན་སྒོས་ལག་བསྟར་བྱས་ཏེ། ནད་རིགས་ཆེ་གྲས་ཡོད་པའི་ལས་བྱེད་པར་དུས་ཐོག་ཏུ་སྨན་བཅོས་བཀོད་སྒྲིག་དང་། རིམས་ནད་འགོག་སྡོམ་ཡུལ་དངོས་ལས་བྱེད་པའི་ལུས་ཕུང་བདེ་ཐང་ལ་དོ་སྣང་བྱས་ནས། ཡུལ་དངོས་འཚམས་འདྲི་བྱ་བ་གཏིང་ཟབ་སྒོས་སྤེལ་བ་དང་། སྒོས་སུ་དུས་ཡུན་རིང་བོར་རིམས་ནད་འགོག་སྡོམ་ཡུལ་དངོས་དང་། དམིགས་བསལ་དཀའ་ཁག་ཡོད་པའི་ཏང་ཡོན་ལས་བྱེད་ཁྱིམ་ཚང་ལ། ཏང་རྩ་འཛུགས་ཀྱི་སེམས་ཁུར་དང་བརྩེ་བ་དེ་ཡུལ་དངོས་ལས་བྱེད་པའི་སེམས་ཁོང་དུ་སྐྱེལ་བ་དང་། རིམས་ནད་འགོག་སྡོམ་ཡུལ་དངོས་སུ་ཏང་ཡོན་ངོས་འཛིན་དང་། དཔྱད་ཞིབ་བྱ་བར་དོ་སྣང་བྱས་ཏེ། སྔོན་བསྐྱོད་དང་སྔོན་ཐོན་བྱས་རྗེས་འཇོག་མཁན་ལ། ཁོ་ཚོ་ཏང་རྩ་འཛུགས་ཀྱི་ཕྱོགས་སུ་འཁོར་བར་སྐུལ་མ་བྱེད་པ་དང་། རྣམ་འགྱུར་ཕུལ་བྱུང་ཅན་དག་ཏང་ནང་དུ་ལེན་པ་དང་གསོ་སྐྱོང་གི་འཆར་གཞིའི་ཁྲོད་བླངས་ནས། ལས་བྱེད་པའི་གནད་ཁེལ་ངོས་འཛིན་དང་། རིམས་ནད་འགོག་སྡོམ་ཡུལ་དངོས་ཀྱི་བྱ་བའི་འགན་འཁྲི་ཡོད་པ་དང་། གཏོང་ཕོད་པ། རྣམ་འགྱུར་འབུར་ཐོན་ཅན་གྱི་ལས་བྱེད་པ་དག འདེམས་བསྐོ་བེད་སྤྱོད་དང་། གོ་གནས་འཕར་སྐབས་དུས་ཐོག་ཏུ་བསམ་བློ་གཏོང་བ་དང་། ནོར་སྲུང་ཡོ་བསྲང་སྲུང་སྐྱོབ་ལ་ཤུགས་བསྣན་ནས། རིམས་ནད་ཕྱིར་ཤོར་བར་འགོག་སྲུང་དང་། འགན་འཁྲི་བྱེད་ཕོད་པ་དང་། ཐབས་ཇུས་འདོན་པ། དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། འོན་ཀྱང་གོ་རིམ་ཁྲོད་ནོར་འཁྲུལ་བྱུང་ནས། མཇུག་འབྲས་ཚབས་ཆེན་བཟོས་མེད་པའི་ལས་བྱེད་པར། འབྲེལ་ཡོད་གཏན་འཁེལ་ལྟར་ནོར་འཁྲུལ་ཡོ་བསྲང་དང་། དུས་ཐོག་ཏུ་རྙེད་པ་དང་། འདེམས་པ། རིམས་ནད་འགོག་སྡོམ་ཡུལ་དངོས་སུ་བྱུང་བའི་སྔོན་ཐོན་དང་མི་སེམས་འགུལ་བའི་མཛད་རྗེས་ལ། རིམ་པ་སོ་སོ་དང་རིགས་སོ་སོའི་དཔྱད་འདེམས་ཁྲོད་དེའི་ཕྱོགས་སུ་ཕྱོགས་དགོས་པ་དང་། སྤྱི་ཚོགས་ཡོངས་སུ་རིམས་ནད་འགོག་སྡོམ་ཡུལ་དངོས་ལས་བྱེད་པར་སེམས་ཁུར་གཅེས་སྐྱོང་གི་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།