ཀྲུང་གོ་བོད་ཀྱི་དྲ་བ།

ནང་ཆེན་རྗོང་གིས་ཤུགས་སྣོན་བཞིའི་བྱེད་ཐབས་སྤྱད་དེ་ཏང་འཛུགས་སྐྱོང་གཞི་རིམ་བཅོས་སྐྱོང་གི་ལས་ཕྱོད་གསར་བར་སྣེ་ཁྲིད་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ནང་ཆེན་རྫོང་གིས་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཕན་ནུས་ལ་དམིགས་ཏེ།  ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་རྒྱུན་མཐུད་ངང་རྒྱ་ཆེར་བཏང་ནས།  ལྟ་སྐུལ་མཛུབ་ཁྲིད་དོན་འཁྱོལ་དང་སློབ་གསོ་གསོ་སྦྱོང་།  ལམ་སྲོལ་འཛུགས་སྐྱོང་།  གཅིག་གྱུར་འཆར་འགོད་བཅས་ཕྱོགས་བཞིའི་ཐད་ནས་ཤུགས་སྣོན་བརྒྱབ་སྟེ།  གཞི་རིམ་བཅོས་སྐྱོང་གི་གསོན་ཤུགས་གསར་པ་དང་ལས་ཕྱོད་གསར་པ་རྒྱུན་མཐུད་ངང་འཕེལ་བར་བྱས། 

ལྟ་སྐུལ་སློབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས།  གཞི་རིམ་བཅོས་སྐྱོང་གི་ལས་དོན་དེ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ལོ་མཇུག་ཏུ་གཞི་རིམ་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་སྤྱི་བསྡོམས་ལ་དཔྱད་མོལ་བྱེད་པ།  གཞི་རིམ་ཏང་འཛུགས་སྐྱོང་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་སོགས་ཀྱི་ནང་དོན་དུ་འཇུག་རྒྱུ་མཐའ་འཁྱོངས་བྱས་ཏེ།  གནད་དུ་འཁེལ་བར་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་དང་།  དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་དུས་བཀག་ལྟར་དག་ཐེར་ཡོ་བསྲང་བྱེད་དུ་འཇུག་དགོས།   ད་ལོ་ནས་བཟུང་།  སྔ་རྗེས་སུ་གཙོ་གནད་ལས་དོན་སྐུལ་སྤེལ་ཚོགས་འདུ་ཐེངས3དང་།  རྩ་འཛུགས་ཨུ་ཡོན་དང་ཧྲུའུ་ཅི་དང་པོ་བཅས་ཀྱི་ཏང་སྐྱོང་འགན་བསྒྲུབས་ཀྱི་བྱ་བའི་སྤྱི་བསྡོམས་དཔྱད་མོལ་ཚོགས་འདུ་ཐེངས2འཚོགས་ནས།  གནད་དོན་དྲན་སྐུལ་ཡི་གེ8འགྲེམས་སྤེལ་བྱས། 

གསོ་སྦྱོང་གི་ནུས་པ་འདོན་ཤུགས་ཆེ་རུ་གཏོང་དགོས།  གཞི་རིམ་བཅོས་སྐྱོང་གི་ནུས་པ་དེ་ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ནང་དོན་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ།  སྔ་རྗེས་སུ་ཧྲུའུ་ཅི་དང་པོ་དང་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་།  གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་གསོ་སྦྱོང་འཛིན་གྲྭ་དང་།  གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་གི་ལྟ་སྦྱོང་ཚོགས་པ།  གྲོང་ཚོའི(སྡེ་ཁུལ)རིམས་ནད་སྔོན་འགོག་ཚོད་འཛིན་ཤེས་བྱའི་གསོ་སྦྱོང་ཚོགས་འདུ།  ཏང་དོན་ལས་དོན་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སོགས་བརྗོད་བྱ་གཙོ་བོའི་འཛིན་གྲྭ8གཉེར་ཡོད། 

ལམ་སྲོལ་ལ་བརྟེན་ནས་དཔེ་སྟོན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།  གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་གནས་ཚུལ་དེ་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི“ནུས་མེད་ཁ་ཐོར”གྱི་བཅོས་སྒྲིག་བྱ་ཡུལ་གྱི་དཔྱད་གཞིའི་ཚད་གཞི་གལ་ཆེན་དུ་བརྩིས་ནས།  གཞི་རིམ་བཅོས་སྐྱོང་ཐད་ཞན་ཆ་ཁ་གསལ་ཡོད་པའི་གྲོང་ཚོ4སྔ་རྗེས་སུ“ནུས་མེད་ཁ་ཐོར”གྱི་ཏང་རྩ་འཛུགས་དག་ཐེར་བྱ་ཡུལ་དུ་བཅུག་ནས།  ཏང་ཡོན་ལས་བྱེད་པའི“མཉམ་བཅོས”དང“མཉམ་སྤྱོད”ཀྱི་འགན་འཁྲིའི་འདུ་ཤེས་རྒྱུན་མཐུད་ངང་གཏིབ་ཟབ་ཏུ་བཏང་། 

གཅིག་གྱུར་གྱིས་འཆར་འགོད་དང་གོང་བུར་འགྲིལ་ཤུགས་ཆེ་རུ་གཏོང་དགོས། 《ནང་ཆེན་རྫོང་ལས་ཁུངས་སྡེ་ཁུལ་ཀྲི་པུའུ་ཡི“གཅིག་བཞིའི”ཆ་སྒྲིག་མཉམ་སྐྲུན་ལག་བསྟར་ཇུས་གཞི》བཟོས་ནས་འགྲེམས་སྤེལ་བྱས་ཏེ།  རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས“ཀྲི་པུའུ་མཉམ་སྐྲུན”བྱེད་སྒོ་ཐེངས20ལྷག་ཙམ་སྤེལ་རྒྱུར་ཁྲིད་སྟོན་བྱས།  དེ་དང་ཆབས་ཅིག  གཞི་རིམ་བཅོས་སྐྱོང་གི་དྲ་མིག་ཅན་གྱི་དོ་དམ་མི་སྣ460མངགས་གཏོང་བྱས་ནས།  མཉམ་སྐྲུན་མཉམ་སྡོད་བྱ་རྒྱུར་དམ་འཛིན་བྱས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས།  གྲོང་ཚོ་དང་བཅའ་སྡོད་སྡེ་ཁུལ་དུ་གྲོང་གསེབ་དར་སྤེལ་དང་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལས་དོན་སྤེལ་ནས། གཞི་རིམ་བཅོས་སྐྱོང་ཆེད་རྒྱུན་མཐུད་ངང་སྟོབས་ཤུགས་འབུལ་རྒྱུ་རེད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།