ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས2022ལོའི“12·5རྒྱལ་སྤྱིའི་དང་བླངས་པའི་ཉིན་མོའི”བརྗོད་དོན་དྲ་རྒྱའི་ཐད་གཏོང་བྱ་འགུལ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས5ཉིན། “རྒྱལ་སྤྱིའི་དང་བླངས་པའི་ཉིན་མོའི”ཐེངས37པའི་སྐབས་འདིར། ཏན་ཏིག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལ་སློབ་སྦྱོང་དྲིལ་སྒྲོག་ལག་ལེན་མཐར་ཕྱིན་བྱས་ཏེ། དང་བླངས་ཞབས་ཞུ་སྟེགས་བུ་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་བྱས་ཏེ། རྒྱ་ཆེའི་གུང་གཞོན་ན་གཞོན་དང་། དང་བླངས་པས་སྤྱི་ཚོགས་ཡོངས་སུ“འབུལ་བ་དང་། མཛའ་བརྩེ། ཕན་ཚུན་རོགས་རམ། ཡར་སྐུལ”བཅས་ཀྱི་དང་བླངས་ཞབས་ཞུའི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། རང་ཞིང་གི་གྲོང་ཁྱེར་དང་ཁུལ། ལས་རིགས་སོ་སོའི་ན་གཞོན་དང་བླངས་པའི་ཡུལ་དངོས་དང་པོ་རུ་འབད་པ་བྱེད་པ། སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ན་གཞོན་མཚར་ཉམས་མངོན་ཆེད།  གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་ན་གཞོན་དང་བླངས་པའི་མཐུན་ཚོགས་ཀྱིས་དྲ་རྒྱའི་རྣམ་པའི་མཚོ་སྔོན་གུང་གཞོན་ཚོགས་པའི“12·5རྒྱལ་སྤྱིའི་དང་བླངས་པའི་ཉིན་མོའི”བརྗོད་དོན་ཐད་གཏོང་བྱ་འགུལ་སྤེལ། 

ཐད་གཏོང་བྱ་འགུལ་ལ་དང་བླངས་པའི་ལང་ཚོ་དང་དང་བླངས་པའི་ཕུགས་འདུན། དང་བླངས་པའི་དཔང་བསྟོད་བཅས་ཚན་པ་གསུམ་དུ་བགོས་ཡོད་པ་དང་། བརྙན་རིས་ཀྱི་རྣམ་པའི་གཅིག་བསྡུས་སྒོས་ན་གཞོན་དང་བླངས་པས་རང་ཞིང་གི་རིམས་ནད་འགོག་སྡོམ་དང་སྐྱེ་ཁམས་དཔལ་ཡོན། སྤྱི་ཚོགས་བཅོས་སྐྱོང་། དཔལ་འབྱོར་འཛུགས་སྐྲུན་སོགས་ཐད་ཀྱི་འབུར་ཐོན་བྱས་རྗེས་མངོན་པ་དང་། ལས་རིགས་སོ་སོའི་ན་གཞོན་དང་བླངས་པས་མཐོ་སྒང་དུ་ལང་ཚོའི་ཕུལ་བའི་ཞབས་རྗེས་མངོན་པ། དེ་མིན་སྤྱིར་བཏང་གི་དང་བླངས་ཞབས་ཞུའི་གཏམ་རྒྱུད་ཁྲོད་དང་བླངས་པའི་ཞབས་ཞུའི་སྙིང་སྟོབས་འཚོལ་ཞིབ་དང་། དང་བླངས་པའི་ཞབས་ཞུའི་ནང་སྙིང་བཙལ་བ། དང་བླངས་པའི་ཞབས་ཞུའི་སྟོབས་ཤུགས་ལ་མྱོང་རོལ་བྱེད་པ་བཅས་ཡིན། 

དེ་མིན། གུང་གཞོན་ཚོགས་པ་ཞིང་ཆེན་ཏང་ཨུས《མཚོ་སྔོན་གུང་གཞོན་ཚོགས་པའི2022ལོའི“12·5རྒྱལ་སྤྱིའི་དང་བླངས་པའི་ཉིན་མོ”དང་བླངས་ཞབས་ཞུའི་ཟླ་བའི་བྱ་འགུལ་སྤེལ་བའི་སྐོར་གྱི་བརྡ་སྦྱོར》བཀྲམ་ནས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གུང་གཞོན་ཚོགས་པའི་ན་གཞོན་དང་། དང་བླངས་པས“ངའི་འདི་ནས་དང་བླངས་བྱེད”ཅེས་པའི་དྲ་རྒྱའི་དཔལ་ཡོན་དྲིལ་སྒྲོག་བྱ་འགུལ་དང་། “ལང་ཚོའི་འགན་འཁྲི་དང་ལེན་ཕོད”པའི་ན་གཞོན་དང་བླངས་པའི་གཞིས་ཁུལ་ཞབས་ཞུ་བྱེད་པ་སོགས་ཀྱི་དང་བླངས་པའི་སྙིང་སྟོབས་དྲིལ་སྒྲོག་དང་། དང་བླངས་པའི་རིག་གནས་མངོན་པ་བཅས་བྱས་ཤིང་། ཆ་རྐྱེན་དང་མཐུན་པའི་ས་གནས་སོ་སོའི་རིམས་ནད་འགོག་སྡོམ་བྱེ་བྲག་གི་སྲིད་ཇུས་གནས་ཚུལ་འོག རྣམ་པ་འདྲ་མིན་སྤྱད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དྲིལ་སྒྲོག་དང་། “རིམས་ནད་འགོག་སྡོམ་འཕྲལ་བསྟུན་དང་བླངས་ཞབས་ཞུ”དང“གུང་གཞོན་ཚོགས་པའི་སྔོན་བསྐྱོད་གཞིས་ཁུལ་དང་བླངས་ཞབས་ཞུ”དང་འབྲེལ་ཏེ། ན་གཞོན་དང་བླངས་པ་རྩ་འཛུགས་བྱས་ཏེ་གཞི་རིམ་དུ་འགྲོ་བ་དང་། མཁར་ཤང་གཞིས་ཁུལ་དུ་སོང་ནས། དོན་དངོས་དགོས་མཁོ་ལྟར་གནད་ཁེལ་ངང་གཞི་རིམ་གཞིས་ཁུལ་བཅོས་སྐྱོང་ཁྲོད་ཞུགས་ཏེ། ལས་མགོ་བསྐྱར་སྐྲུན་ལ་རོགས་འདེགས་བྱས། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།