ཀྲུང་གོ་བོད་ཀྱི་དྲ་བ།

ཟླ1པོ་ནས་ཟླ10པའི་བར་རང་ཞིང་གི་དངུལ་རྩའི་འཁོར་རྒྱུགས་སྤྱིའིི་ཆ་ནས་གཏན་འཇགས་ཡིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས3ཉིན། གསར་འགོད་པས་མི་དམངས་དངུལ་ཁང་ཟི་ལིང་ལྟེ་གནས་ཡན་ལག་དངུལ་ཁང་གིས2022ལོའི་དུས་ཚིགས་གསུམ་པའི་དྲ་ཐོག་གསར་འགྱུར་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། ད་ལོའི་རིང་ལ། མཚོ་སྔོན་ཞིང་ཆེན་དངུལ་རྩའི་སྡེ་ཁག་གིས་མུ་མཐུད་དུ་དངུལ་རྩའི་དངོས་ཕུང་དཔལ་འབྱོར་ཤུགས་ཚད་ཆེ་རུ་གཏོང་བ་དང་། གསོག་དངུལ་བསྐྱི་དངུལ་འཕར་ཚད་རྒྱུན་འཁྱོངས་བྱས། ཟླ10པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་སྡེ་ཁག་གི་ཕྱིའི་དངུལ་ལོར་གསོག་དངུལ།འཕྲོ་དངུལ་སྒོར་དུང་ཕྱུར7361ཡིན་པ་དང་། དེ་ན་ནིང་ལོ་ལས་སྒོར་དུང་ཕྱུར624འཕར། དུས་མཉམ་ལས8.6%འཕར། འཕར་ཚད་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ཚེག0.8འཕར་བ་དང་། ཁང་བདག་དང་ནོར་སྲིད། ཁེ་ལས་སྡེ་ཁག་གསུམ་གྱིས་གསོག་དངུལ་འཕར་ཚད་ཉེ་བའི་ལོ་འགའི་དུས་མཉམ་གྱི་མཐོ་གསར་སྐྲུན། ཞིང་ཆེན་ཡོངས་ཀྱི་ཕྱིའི་དངུལ་ལོར་བསྐྱི་དངུལ་འཕྲོ་མ་སྒོར་དུང་ཕྱུར7045ཡིན་པ་དང་། ན་ནིང་གི་ལོ་མགོ་ལས་སྒོར་དུང་ཕྱུར189འཕར། དུས་མཉམ་ལས3.5%འཕར་བ་དང་།  འཕར་བའི་མྱུར་ཚད་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ཚེག2མཐོ་རུ་ཕྱིན། 

སྔོན་གྱི་དུས་ཚིགས་གསུམ་པར། ཞིང་ཆེན་ཡོངས་ཀྱི་ལྗང་མདོག་བསྐྱི་དངུལ་སྒོར་དུང་ཕྱུར97ཡིན་པ་དང་། དུས་མཉམ་ལས11.1%འཕར། དེའི་ཁྲོད་ནུས་ཁུངས་གཙང་མའི་ཐོན་ལས་བསྐྱི་དངུལ་སྒོར་དུང་ཕྱུར93འཕར་བ་དང་། དངུལ་རྩའི་མཚོ་སྔོན་གྱི་རྒྱལ་ཁབ་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་གསར་སྐྲུན་ཐད་ཀྱི་རྒྱབ་སྐྱོར་ཤུགས་ཚད་མུ་མཐུད་དུ་ཆེ་རུ་ཕྱིན་པ་དང་། ཟླ1པོ་ནས་ཟླ10པའི་བར། ཞིང་ཆེན་ཡོངས་ཀྱི་གསར་སྣོན་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཐད་ཀྱི་བསྐྱི་དངུལ་སྒོར་དུང་ཕྱུར47ཡིན་པ་དང་། དུས་མཉམ་ལས6.5%འཕར། དངུལ་རྩའི་རྨང་གཞི་སྒྲིག་ཆས་མི་འདང་ས་ཁ་གསབ་ཐད་མུ་མཐུད་དུ་ཤུགས་བཏོན་པ་དང་། ཟླ1པོ་ནས་ཟླ10བའི་བར། ཞིང་ཆེན་ཡོངས་ཀྱི་ཞིང་འབྲེལ་བསྐྱི་དངུལ་སྒོར་དུང་ཕྱུར71ཡིན་པ་དང་། དེས་བསྐྱི་དངུལ་ཡོངས་ཀྱི་འཕར་ཚད་ཀྱི37.6%ཡིན་པ་དང་། དུས་མཉམ་ལས4.6%འཕར། དེའི་ཁྲོད་གསར་དུ་ཁ་སྣོན་བྱས་པའི་ཞིང་བའི་དུད་ཁྱིམ་བསྐྱི་དངུལ་སྒོར་དུང་ཕྱུར54ཡིན་པ་དང་། སྔོན་གྱི་དུས་ཚིགས་གསུམ་པར། ཞིང་ཆེན་ཡོངས་ཀྱི་གསར་སྣོན་དབུལ་ཐར་མི་གྲངས་ཀྱི་བསྐྱི་དངུལ་སྒོར་དུང་ཕྱུར4ཡིན་པ་དང་། གསར་སྣོན་དབུལ་ཐར་མི་གྲངས་ཞབས་ཞུའི་ལས་གཞི་སྒོར་དུང་ཕྱུར7ཡིན་པ་དང་། དངུལ་རྩའི་གནད་ཁེལ་དབུལ་སྐྱོར་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་མཐུད་སྦྲེལ་གཉིས་ཀྱི་རྒྱབ་སྐྱོར་ཤུགས་ཚད་ཆེ་རུ་སོང་བ་དང་། ཟླ1པོ་ནས་ཟླ10པའི་བར། ཞིང་ཆེན་ཡོངས་ཀྱི་གསར་སྣོན་ཁེ་ལས་ཆུང་བའི་བསྐྱི་དངུལ་སྒོར་དུང་ཕྱུར98ཡིན་པ་དང་། ན་ནིང་གི་དུས་མཉམ་ལས་ལྡབ7.7འཕར། ཚོང་རའི་གཙོ་གཞིའི་ཁྲོད་དངུལ་རྩའི་སྟོབས་ཤུགས་འབུར་ཐོན་རེད། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།