ཀྲུང་གོ་བོད་ཀྱི་དྲ་བ།

ན་གོར་གྲོང་ཁྱེར་གྱིས་ཞིང་ཆེན་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་མཐོ་ས་སྐྲུན་པར་ཤུགས་བསྣན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བསམ་ནོར་གྱིས་བསྒྱུར།   སྤེལ་དུས། : 2022-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲངས་འཛིན་སྲིད་གཞུང་འཛུགས་སྐྲུན་གྱི་ཆུ་ཚད་མཐོར་འདེགས་དང་། གྲངས་འཛིན་སྐྱེ་ཁམས་ལེགས་སྒྲིག་བྱེད་པར་དམིགས་ནས། 2022ལོར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ། གྲངས་འཛིན་ལག་རྩལ་དེ་མཛད་སྤྱོད་ཀྱི་ཁྱབ་ཁོངས་ནས་ཐོན་སྐྱེད་ཁྱབ་ཁོངས་དང་། བཏགས་བཟོས་དཔལ་འབྱོར་ནས་དངོས་གཞིའི་དཔལ་འབྱོར་ལ་རྒྱ་སྐྱེད་དེ། སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་མཐོ་ས་བསྐྲུན་པར་ཤུགས་བསྣན།

ཉེ་བའི་ལོར་ན་གོར་མོ་གྲོང་ཁྱེར་གྱིས་གྲངས་འཛིན་སྲིད་གཞུང་འཛུགས་སྐྲུན་དེ་སྲིད་གཞུང་བཅོས་སྐྱོང་གསར་གཏོད་ཀྱི་འདུ་ཤེས་སུ་བཟུང་ནས། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བྱེད་པའི་ཐབས་ལམ་གཙོ་བོ་དང་། ཁྱོན་ཡོངས་ནས་མཚོ་སྔོན་སྲིད་དོན་ཞབས་ཞུ་ན་གོར་མོ་སྟེགས་བུར་ཚུད་པའི་སྲིད་དོན་ཞབས་ཞུའི་རྣམ་གྲངས540དེ་གཅིག་བསྡུས་ཀྱིས་སྒྲུབ་པར་སྐུལ་འདེད་བྱས་ནས། ཁེ་ལས་དང་མང་ཚོགས་གང་ཡིན་ཡང་སྲིད་དོན་ཞབས་ཞུའི་སྟེགས་བུ་སྤྱོད་པ་དང་། ཁ་པརAPPརྒྱུད་དེ་དྲ་ཐོག་ནས་ཐོ་འགོད་འགྲོ་ལུགས་སྒྲུབ་པར་སྣེ་ཁྲིད་བྱས་ནས། ཞིང་ཆེན(རང་སྐྱོང་ཁུལ)22ཡི་རྫོང(གྲོང་ཁྱེར། ས་ཁུལ)368ཀྱི་སྲིད་དོན་ཞབས་ཞུ་སྡེ་ཁག་དང་མཉམ་དུ་དྲ་ཐོག་ནས་སྲིད་དོན་ཞབས་ཞུའི་མཉམ་ལས་ལ་གྲོས་མཐུན་གྱི་མིང་རྟགས་བཀོད་པ་དང་། ཁྱོན་ཡོངས་ནས་ལས་གཞི་འཛུགས་སྐྲུན་གྱི་གོ་རིམ་ཆ་ཚང་དུས་ཐོག་ཏུ་འགོད་ཐུབ་པར་བྱས།

དེའི་རྨང་གཞིའི་སྟེང་། བཟོ་ལས་དྲ་རྒྱ་འཛུགས་སྐྲུན་དང་གྲངས་འཛིན་ཅན་དུ་བསྒྱུར་བའི་བྱེད་ཐབས་སྤྱད་དེ། ཐོན་ལས་གྲངས་འཛིན་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་ནས། མཚོ་སྔོན་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་ཧོང་ཞེན་གཏེར་ལས་ཚད་ཡོད་ཀུང་ཟི། མཚོ་སྔོན་ཚྭ་མཚོ་ཡོན་ཐོང་ཅཱ་ལུད་ཚད་ཡོད་ཀུང་ཟི་སོགས་རྒྱལ་ཁབ་ཀྱི་ཚོད་ལྟའི་ལས་གཞི་རྣམ་གྲངས་འཛུགས་སྐྲུན་དང་། མཚོ་བོད་གློག་རྡུལ་ཚོང་དོན་ཐོན་ལས་ར་བ་དང་། ན་གོར་མོ་གྲོང་ཁྱེར་གློག་རྡུལ་ཚོང་དོན་ཞིང་ལས་སྣ་འཛོམས་ཚོད་ལྟ་རྫོང་གི་རྣམ་གྲངས་ལག་བསྟར་བྱས་ཏེ། གློག་རྡུལ་ཚོང་དོན་ཐོན་ལས་གཞི་ཁྱོན་ཅན་དུ་འགྱུར་བར་སྣེ་ཁྲིད་ཀྱི་ནུས་པ་ཐོན། ཟླ1པོ་ནས་ཟླ10བའི་བར། ན་གོར་མོ་གྲོང་ཁྱེར་གློག་རྡུལ་ཚོང་དོན་སྟེགས་བུའི་སྤྱིའི་བྲིན་ཚད་བསྡོམས་པས་སྒོར་ཁྲི797.8ལ་སླེབས།  །

རྩོམ་སྒྲིག་པ། : བསམ་ནོར།