ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་འགོག་སྡོམ་བྱ་བའི་དགོངས་དོན་གྱི་མཆན་བཀོད་མཛུབ་སྟོན་དགོངས་དོན་ལ་སློབ་སྦྱོང་དང་། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བའི་གནས་ཚུལ་ཡར་ཞུར་མཉན་པ་དང་། རྗེས་མའི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་མཚོ་སྔོན་བྱ་བའི་ཚན་ཆུང་གི་ཚན་གཙོ་ཧའོ་ཞའོ་ཅུན་གྲོས་ཚོགས་སུ་ཞུགས་ཏེ་མཛུབ་སྟོན་བྱས།

གྲོས་ཚོགས་ལས། སྐོར་རིམ་འདིའི་རིམས་ནད་བྱུང་བའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར། མཚོ་སྔོན་ལས་སྒྲུབ་ཚན་ཆུང་གི་མཛུབ་སྟོན་འོག སྟོབས་ཤུགས་ཡོད་རྒུས་རིམས་ནད་འགོག་སྡོམ་བྱ་བ་ལེགས་པོར་སྒྲུབ་པ་དང་། བྱ་བའི་སྣ་སོ་སོའི་ཐག་གཅོད་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། རིམས་ནད་དེ་བསྟུད་མར་ཉིན་མང་པོའི་རིང་བྱུང་ཚད་མཐོ་བའི་གནས་སུ་སླེབས་རྗེས། སྤྱི་ཚོགས་ངོས་ཀྱི་ཉེན་ཁར་ཕན་ནུས་ལྡན་པའི་ངང་ཚོད་འཛིན་བྱས་ཤིང་། སྤྱིའི་གནས་ཚུལ་གཏན་འཇགས་ཁྲོད་ལེགས་པོའི་ཕྱོགས་སུ་བསྐྱོད་པ་དང་། གཏན་འཇགས་ཚོད་འཛིན་ཐུབ་པའི་གནས་སྟངས་ཆགས་ཡོད་པར་འདོད།

གྲོས་ཚོགས་ལས་བསྟན་དོན། དེང་སྐབས། པྲོག་གསར་གློ་ཚད་ནད་དུག་དེ་བསྟུད་མར་འགྱུར་ལྡོག་བྱུང་བཞིན་ཡོད་པ་དང་། རྒྱལ་ནང་གི་གསར་བྱུང་རིམས་ནད་རྒྱུན་ཆད་མེད་ཅིང་། དེའི་སྟེང་དགུན་དུས་ཀྱི་མཁའ་དབུགས་དང་མཐོ་རིམ་སློབ་གྲྭའི་སློབ་མ། ཞོར་ལས་མི་སྣ་ཕྱིར་ལོག་པའི་རྒྱུ་རྐྱེན་དབང་གིས། རིམས་ནད་ཀྱི་ཉེན་ཁ་སྔར་བཞིན་ཛ་དྲག་ཡིན་ལ། རིམས་ནད་འགོག་སྡོམ་གནས་བབ་སྔར་བཞིན་རྙོག་འཛིང་ཡིན། ངེས་པར་དུ་ཆ་ཚང་དང་ཡང་དག ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་སྒྲིག་སྲོལ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། “བློ་བརྟན་འགྱུར་མེད་གསུམ”རྒྱུན་འཁྱོངས་དང་། པར་གཞི་དགུ་བ་ལག་བསྟར། དོན་ཚན་ཉི་ཤུ་དོན་འཁྱོལ་བཅས་བྱས་ནས། ཡིད་ཆེས་བརྟན་པོ་དང་། མུ་མཐུད་དུ་ཡར་བརྩོན་བྱས་ཏེ། རིམས་ནད་འགོག་སྡོམ་དུས་ཚོད་དང་། ཕན་ནུས། ཚན་རིག་གནད་ཁེལ་བཅས་ཁོང་དུ་ཆུད་པར་བྱས་ནས། རིམས་ནད་འགོག་སྡོམ་གྱི་བྱ་བ་སོ་སོར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

གྲོས་ཚོགས་ལས། ཁྱོན་ཡོངས་ནས“རིམས་ནད་འགོག་སྲུང་ཐུབ་པ་དང་། དཔལ་འབྱོར་གཏན་འཇགས་ཡོང་བ། འཕེལ་རྒྱས་ལ་བདེ་འཇགས་ཡོང་བ”། “ཚད་གཞི་མཐོ་བའི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོང་བྱེད་པ་དང་། ཚད་གཞི་ཆེ་བའི་སྒོ་ནས་རིམས་ནད་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཉུང་དུ་གཏོང་བའི”བླང་བྱ་དོན་འཁྱོལ་བྱས་ཏེ། གང་མགྱོགས་ཀྱིས་ཐོན་ཁུངས་སྟོབས་ཤུགས་བསྡུ་སྒྲིག་དང་། ཉེན་ཁ་ཆེ་བའི་ས་ཁུལ་གྱི་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བ། གཙོ་གནད་ས་ཁུལ་གྱི་གཡུལ་འཐབ་བྱ་བ་ལེགས་པོར་སྒྲུབ་ནས། སྔ་མོ་ནས་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བ་སླར་གསོ་ཡོང་བར་བརྩོན་ལེན་བྱེད་དགོས། ཕན་ནུས་མཐོ་བའི་རིམས་ནད་འགོག་སྡོམ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཅིག་གྱུར་ཡོང་བར་བྱས་ནས། བདེ་འཇགས་ཡིན་པའི་སྔོན་འགྲོའི་འོག གོ་རིམ་ལྡན་པའི་ངང་ལས་སྐྲུན་བསྐྱར་སྐྲུན་དང་། ཚོང་ལས་སླར་གསོ། སློབ་ཁྲིད་སླར་གསོ་སོགས་བྱས་ཏེ། མཁོ་འདོན་འགན་སྲུང་དང་ཤར་གཏོང་། གྲོང་ཁྱེར་དཀྱིལ་སྙིང་བྱེད་ནུས་འཁོར་རྒྱུག་ཡོང་བར་བྱས་ཏེ། ཞིང་བ་ལས་བཟོ་བའི་ལས་ཞུགས་དང་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་། ཁེ་ལས་འབྲིང་ཆུང་གི་དཀའ་ཁག་སེལ་རོགས་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་ནས། བརྩེ་བ་ཁྱེར་ནས་གང་མགྱོགས་ཀྱིས་མང་ཚོགས་ལ་སྟབས་བདེ་མཁོ་འདོན་བྱེད་དགོས། རྒྱུན་རྣམ་ཅན་གྱི་འགོག་སྡོམ་བྱ་བ་ཞིབ་ཚགས་སུ་གཏོང་བ་དང་ཐོན་ཁུངས་སྟོབས་ཤུགས་གསོག་ཉར་ལ་ཤུགས་བསྣན་ནས། གཞི་གྲངས་སྟེགས་བུ་སྤྱད་དེ། མི་དང་དངོས་པོ། ཁོར་ཡུག་བཅས་མཉམ་དུ་འགོག་པ་རྒྱུན་འཁྱོངས་བྱེད་པ་དང་། བརྩེ་བ་ཟབ་མོས་བསམ་བློའི་སྣེ་ཁྲིད་དང་སེམས་ཁམས་སྙོམས་སྒྲིག་བྱ་བ་ལེགས་པོར་སྒྲུབ་ནས། མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོང་ལེགས་པོ་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ཀྱིས《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་བར་སྟོང་འཆར་འགོད(2021-2035ལོ)》སྒྲིག་བཟོའི་གནས་ཚུལ་ཡར་ཞུར་མཉན་པ་དང་། 《མཚོ་སྔོན་ཞིང་ཆེན་གྱིས་རྫོང་མཁར་ཐེག་བྱེད་གཙོ་བོ་རུ་བྱས་པའི་གྲོང་གསེབ་ཅན་འཛུགས་སྐྲུན་བྱེད་པའི་ལག་བསྟར་ཇུས་གཞི》ལ་གྲོས་ཞིབ་བྱས་ཤིང་ལས་དོན་གཞན་དག་ལ་ཞིབ་འཇུག་བྱས། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།