ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ལྷོ་ཁུལ་གྱིས་སློབ་གྲྭ་ཆུང་འབྲིང་གི་ཏང་འཛུགས་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ།

ཡོང་ཁུངས། : མཚོ་སྔོན་ཉིན་རེའི་ཚགས་པར།   རྩོམ་པ་པོ། : ཕག་གྲུ་ཡིས་བསྒྱུར།   སྤེལ་དུས། : 2022-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁོང་དུ་གཏིང་ཟབ་ཆུད་པ། ཏང་གི་སློབ་གསོའི་བྱེད་ཕྱོགས་དོན་འཁྱོལ་ནན་ཏན་བྱེད་པ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་ཏང་འཛུགས་སྐྱོང་ལས་དོན་གྱི་སྤྱིའི་སྤུས་ཚད་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གྱིས་ཁུལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་བསམ་འཆར་བཏོན་ནས་སློབ་གྲྭ་ཆུང་འབྲིང་གི་ཏང་འཛུགས་སྐྱོང་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ་རེད། 

ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གིས་ཏང་གི་ཆབ་སྲིད་ལེགས་སྐྱོང་གིས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་། “མི་གང་འདྲ་ཞིག་གསོ་སྐྱོང་བྱ་རྒྱུ་དང་། ཇི་ལྟར་བྱས་ནས་གསོ་སྐྱོང་བྱ་རྒྱུ། སུའི་ཆེད་དུ་གསོ་སྐྱོང་བྱ་རྒྱུ་”བཅས་ཀྱི་རྩ་བའི་གནད་དོན་ལ་དམིགས་ཏེ་བསམ་བློ་ཆབ་སྲིད་དང་ཀུན་སྤྱོད་སློབ་གསོའི་ལས་དོན་དམ་འཛིན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོར་བརྩིས་ནས། སློབ་གྲྭའི་ཏང་འཛུགས་སྐྱོང་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱ་རྒྱུ་དེ་རྒྱུན་གཏན་ནང་མཉམ་འདྲེས་དང་རྒྱུན་དུ་དམ་འཛིན་བྱ་རྒྱུར་སྐུལ་འདེད་བཏང་། རྩ་འཛུགས་བཀོད་སྒྲིག་ཚད་ལྡན་དང་འཁོར་སྐྱོད་ལམ་སྲོལ་ལེགས་བསྒྱུར། དོ་དམ་སྒྲིག་སྲོལ་མཐུན་སྦྱོར། བྱེད་སྒོ་སྤེལ་སྟངས་གསར་གཏོད། ཚད་གཞི་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད། དཔྱད་ཞིབ་ལམ་སྲོལ་འཐུས་ཚང་། ཁྱད་ཆོས་ལྡན་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པ་བཅས་ལ་དམིགས་ཏེ། ཏང་གིས་སློབ་གྲྭ་འབྲིང་ཆུང་གི་སློབ་གསོའི་ལས་དོན་ལ་མགོ་ཁྲིད་བྱེད་པར་ཁྱོན་ཡོངས་ནས་ཤུགས་བསྣན་པ་རེད། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལེགས་འདེམས་ཧྲག་སྒྲུག་དང་། ཏང་དོན་སྒྲུབ་མཁན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་ཡོན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་རྩ་འཛུགས་ཀྱི་གཡུལ་ས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཕྱོགས4ཡི་ཐད་ནས་སློབ་གྲྭ་འབྲིང་ཆུང་གི་ཏང་དོན་ལས་སྒྲུབ་པ་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་ཤུགས་སྣོན་བྱས། །

རྩོམ་སྒྲིག་པ། : ཕག་གྲུབ།