ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ལས་འགན་སྔ་བསྣུར་སྒོས་ལེགས་འགྲུབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས17ཉིན་བར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ10པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ཐད་ཁྱོན་བསྡོམས་དངུལ་གཏོང་སྒོར་དུང་ཕྱུར21.74ཟིན་པ་དང་། དེ་ལོ་འཁོར་དམིགས་འབེན་ལས་འགན་གྱི108.7%ཡིན་ལ། གསར་དུ་བཟོ་བཅོས་འཛུགས་སྐྲུན་བྱས་པའི་ལམ་ཐག་སྤྱི་ལེ2548ལེགས་འགྲུབ་བྱས་ཏེ། ལོ་འཁོར་དམིགས་འབེན་ལས་འགན་གྱི101.9%ཟིན་པས། ཟླ་གཉིས་ཀྱིས་སྔ་བསྣུར་སྒོས་ལོ་འཁོར་དམིགས་འབེན་ལས་འགན་ལེགས་འགྲུབ་བྱས།

“ལོ་ལྔའི་འཆར་གཞི་བཅུ་བཞི”པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱིས་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང་གནད་དུ་བཟུང་ནས། མགྱོགས་མྱུར་ངང་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་རྨང་གཞི་སྒྲིག་ཆས་མི་འདང་ས་ཁ་གསབ་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་ཞབས་ཞུ་དེ་ཆབ་སྲིད་ཀྱི་ལས་འགན་དང་དམངས་འཚོའི་བཟོ་སྐྲུན་གལ་ཆེན་དུ་བཟུང་ནས། ཀྲུང་དབྱང་རླངས་འཁོར་ཉོ་སྒྲུབ་ཁྲལ་རིགས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར29བཏང་བ་དང་། ཞིང་ཆེན་རིམ་པའི་སྤྱིར་བཏང་བུན་འཛིན་མ་དངུལ་སྒོར་དུང་ཕྱུར14.8བཀོད་སྒྲིག་བྱས་ཏེ། མགྱོགས་མྱུར་ངངབཞི་བཟང་ཞིང་སྡེ་གཞུང་ལམ”འཛུགས་སྐྲུན་བྱེད་པ་དང་། གོ་རིམ་ལྡན་པའི་ངང་ཞིང་སྡེའི་ཐོན་ལས་ལམ་དང་། གནས་སྐོར་ལམ། ཐོན་ཁུངས་ལམ་བཅས་འཛུགས་སྐྲུན་བྱས་ནས། ཞིང་སྡེའི་གཞུང་ལམ་དང་ཞིང་སྡེ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ད་ལོར། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་འཆར་འགོད་སྔོན་ལ་བཀོད་སྒྲིག་དང་། སྐྱེ་ཁམས་ཁོར་ཡུག་སྔོན་ལ་གཡོལ་བ། འཛུགས་སྐྲུན་མ་དངུལ་སྔོན་ལ་འགན་སྲུང་བྱེད་པ། བྱ་བའི་བྱེད་ཐབས་སྔོན་ལ་དོན་འཁྱོལ་བྱེད་པ་བཅས་ཀྱིས། དུས་ཐོག་ཏུ་རང་བྱུང་ཐོན་ཁུངས་སྡེ་ཁག་དང་མཐུད་སྦྲེལ་བྱས་ཏེ། རྒྱལ་ཁོངས་ཐོན་ཁུངས་བར་སྟོང་འཆར་འགོད་ཀྱི་བྱ་བ་རྩ་འཛུགས་བྱས། ནོར་སྲིད་སྡེ་ཁག་དང་མཐུད་སྦྲེལ་བྱས་པ་དང་། ལོ་ཧྲིལ་བོར་ཀྲུང་དབྱང་རླངས་འཁོར་ཉོ་སྒྲུབ་ཁྲལ་རིགས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར17.55བཏང་བ་དང་། ཞིང་ཆེན་རིམ་པའི་སྤྱིར་བཏང་བུན་འཛིན་མ་དངུལ་སྒོར་དུང་ཕྱུར7.43བཏང་ནས་ཞིང་སྡེ་གཞུང་ལམ་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱས་པ་མ་ཟད། བྱེད་ཐབས་སྣ་མང་སྤྱད་དེ་རིགས་སོ་སོའི་མ་དངུལ་གཅིག་བསྡུས་བྱས་ཤིང་། ལོ་འཁོར་གྱི་ཞིང་སྡེའི་གཞུང་ལམ་སྤྱི་ལེ1500གསར་དུ་འཛུགས་སྐྲུན་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར20ལེགས་འགྲུབ་བྱས་པའི་རྨང་གཞི་སྟེང་། སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དཔལ་འབྱོར་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་པ་དང་། གསར་དུ་ཁ་བསྣོན་བྱས་པའི་ཞིང་སྡེ་གཞུང་ལམ་སྤྱི་ལེ1000གི་དམིགས་འབེན་དོན་འཁྱོལ་བྱས།

རྗེས་མར། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་མུ་མཐུད་དུ་སྤུས་ཚད་མཐོ་བའི་སྒོ་ནས“བཞི་བཟང་ཞིང་སྡེ་གཞུང་ལམ”འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། ཤང་དང་གྲོང་རྡལ་ལ་རིམ་པ་གསུམ་པའི་གཞུང་ལམ་འཐེན་པ་དང་། རང་བྱུང་སྡེ་བར་ཨར་འདམ་གཞུང་ལམ་འཐེན་པ་སོགས་ཀྱི“བྱ་དགས་ཁ་གསབ་ཀྱི་ཚབ་བྱེད”པའི་དམིགས་འབེན་རྒྱུགས་ལེན་དཔྱད་ཞིབ་ལ་སྐུལ་འདེད་བཏང་ནས། རྐང་འཛིན་དྲ་རྒྱ་རིམ་འཕར་དང་རྨང་གཞི་དྲ་རྒྱའི་རྒྱུན་བསྲིང་ལ་སྐུལ་འདེད་བཏང་སྟེ། མགྱོགས་མྱུར་ངང་ཁེབས་ཚད་ཆེ་ཞིང་ཀུན་ཕན་འདྲ་མཉམ། སྟབས་བདེ་ནུས་མཐོའི་ཞིང་སྡེ་གཞུང་ལམ་དྲ་རྒྱ་འཛུགས་སྒྲུབ་བྱས་ཏེ། ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་སྲུང་མཁོ་འདོན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།