ཀྲུང་གོ་བོད་ཀྱི་དྲ་བ།

2022ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་གུང་གཞོན་སྡེ་ཚོགས་ཀྱི་གཞི་རིམ་རྩ་འཛུགས་བཅོས་བསྒྱུར་གསོ་སྦྱོང་འཛིན་གྲྭ་གཉེར་བ།

ཡོང་ཁུངས། : མཚོ་སྔོན་ཉིན་རེའི་ཚགས་པར།   རྩོམ་པ་པོ། : ཕག་གྲུ་ཡིས་བསྒྱུར།   སྤེལ་དུས། : 2022-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས18ཉིན་གུང་གཞོན་སྡེ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་དང་ཞིང་ཆེན་སྡེ་ཚོགས་སློབ་གྲྭས་གཉེར་འགན་འཁུར་བའི2022ལོའི་ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་གུང་གཞོན་སྡེ་ཚོགས་ཀྱི་གཞི་རིམ་རྩ་འཛུགས་བཅོས་བསྒྱུར་གསོ་སྦྱོང་འཛིན་གྲྭ་དྲ་ཐོག་ཏུ་གཉེར་བ་རེད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)སྡེ་ཚོགས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། གཞི་རིམ་འཛུགས་སྐྲུན་ལས་དོན་གྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་གསོ་སྦྱོང་ནང་ཞུགས། 

ཐེངས་འདིའི་གསོ་སྦྱོང་ནང་རང་རེའི་ཞིང་ཆེན་གྱི་རྫོང་ཁོངས་གུང་གཞོན་ཚོགས་པའི་བཅོས་བསྒྱུར་ཚོད་ལྟའི་དཔེ་མཚོན་གྱོད་དཔེ་དང་། རྫོང་ཁོངས་གུང་གཞོན་ཚོགས་པའི་གཞི་རིམ་རྩ་འཛུགས་ཀྱི་བཅོས་བསྒྱུར་སྲིད་ཇུས་ལ་སློབ་སྦྱོང་བྱས། ཆེད་དུ་གདན་འདྲེན་ཞུས་པའི་གུང་གཞོན་ཚོགས་པའི་གཞི་རིམ་འཛུགས་སྐྲུན་པུའུ་ཡི་རྐང་འཛིན་གསོ་སྦྱོང་ཁྲུའུ་ཡི་འབྲེལ་ཡོད་མགོ་ཁྲིད་ཀྱིས་ཁ་བྱང་ལ《རྫོང་ཁོངས་གུང་གཞོན་ཚོགས་པའི་གཞི་རིམ་རྩ་འཛུགས་ཀྱི་བཅོས་བསྒྱུར་སྲིད་ཇུས་གསལ་འགྲེལ》ཞེས་པ་སློབ་ཁྲིད་བྱས་ཤིང་། བཅོས་བསྒྱུར་ཀྱི་རྒྱབ་ལྗོངས་དང་། བཅོས་བསྒྱུར་ཀྱི་དམིགས་འབེན། བྱེད་ཐབས་གཙོ་བོ་སོགས་ཀྱི་ཐད་ནས་འགྲེལ་བཤད་དང་གསལ་འགྲེལ་ཞིབ་ཕྲ་བྱས། གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་ངེས་པར་དུ་ཚད་མཐོའི་འགན་འཁུར་བའི་ཆབ་སྲིད་ཀྱི་རྣམ་འགྱུར་གྱིས་བསམ་བློ་དང་བྱ་སྤྱོད་དེ་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། རྫོང་ཁོངས་གུང་གཞོན་སྡེ་ཚོགས་ཀྱི་གཞི་རིམ་རྩ་འཛུགས་བཅོས་བསྒྱུར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་རྒྱུ་ནི་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཁྱོན་ཡོངས་ནས་གོ་བ་གཏིང་ཟབ་བླངས་ཏེ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། གུང་གཞོན་སྡེ་ཚོགས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་བཅོས་བསྒྱུར་ཚོད་ལྟའི་ཁུལ་དང་རྫོང་གི་མཚོན་བྱེད་རང་བཞིན་གྱི་འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་ལག་ལེན་གྱོད་དཔེ་བདམས་ནས་ཆུས་དང་རྫོང་གིས་ཡང་དག་པའི་བཅོས་བསྒྱུར་ཁ་ཕྱོགས་ཚོད་འཛིན་ནན་མོ་བྱས་ནས་བཅོས་བསྒྱུར་གྱི་བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་མཛུབ་ཁྲིད་བྱས་པ་རེད། སྡེ་ཚོགས་གཏེར་ལེན་ཁ་གྲོང་ཁྱེར་ཏང་ཨུ་དང་སྡེ་ཚོགས་ཟི་ལིང་གྲོང་ཁྱེར་ཏང་ཨུ་ཡིས་ཕྱོགས་མི་འདྲ་བའི་ཐོག་ནས་རྫོང་ཁོངས་གུང་གཞོན་སྡེ་ཚོགས་ཀྱི་གཞི་རིམ་རྩ་འཛུགས་བཅོས་བསྒྱུར་གྱི་ལས་ཀའི་ཉམས་མྱོང་དང་ལས་ཀའི་བྱེད་ཐབས་མཉམ་སྤྱོད་བྱས་པ་དང་འབྲེལ་གོམ་སྟབས་རྗེས་མར་ཇི་ལྟར་བྱས་ནས་རྫོང་ཁོངས་གུང་གཞོན་སྡེ་ཚོགས་ཀྱི་གཞི་རིམ་རྩ་འཛུགས་བཅོས་བསྒྱུར་ལས་དོན་ཡག་པོར་བསྒྲུབ་རྒྱུ་དང་ས་གནས་དེ་གའི་ལས་དོན་དངོས་དང་འཚམ་པའི་བསམ་གཞིག་བྱ་རྒྱུ་བཏོན་པ། །

རྩོམ་སྒྲིག་པ། : ཕག་གྲུབ།