ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས18ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་དང་། མི་དམངས་མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་བླང་བྱ་གསར་བ་དང་རེ་སྒུག་གསར་བ་སྔར་ལས་སྐོང་ཆེད། ཟླ12པའི་ཚེས8ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་གསར་དུ་བཟོ་བཅོས་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་དང་འཚོ་སྐྱོང་བྱ་ཐབས》ལག་ལེན་བྱས་ནས། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་སྲིད་ཇུས་བྱེད་ཐབས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། འགན་ལེན་ཚད་གཞི་མཐོ་རུ་གཏོང་བ། ཞིབ་བཤེར་མཆན་འགོད་ཀྱི་གོ་རིམ་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ།དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བར་ལྟ་རྟོག་དང་། སྡོད་ཁང་འགན་ལེན། ནད་ཡམས་སྨན་བཅོས། འདས་ཆོད་སྒྲུབ་པ། སློབ་གསོ་རོགས་སྐྱོབ་སོགས་ལ་འགན་ལེན་འོས་འཚམ་བྱ་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། གསར་དུ་བཟོ་བཅོས་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་དང་འཚོ་སྐྱོང་བྱ་ཐབས》ནང་། ཁ་ཐོར་དང་གཅིག་སྡུད་བསྙེན་བཀུར་གྱི་ཚད་གཞིར་དབྱེ་བ་མེད་པར། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་བསྙེན་བཀུར་གྱི་ཚད་གཞི་གཅིག་གྱུར་བྱས་ནས། ལོ་དེའི་ས་གནས་སོ་སོའི་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞིའི་ལྡབ1.5ལྟར་གཏན་འཁེལ་བྱས་པར་མ་ཟད། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་འདས་ཆོད་སྒྲུབ་པའི་ཁ་གསབ་ཚད་གཞི་ཁ་གསལ་བཟོས།
དམིགས་བསལ་དཀའ་ངལ་ཡོད་པའི་འཚོ་བའི་རང་ནུས་ཀྱི་རིམ་པ་དང་ལྟ་རྟོག་དང་ནད་གཡོག་གི་ཚད་གཞི་བསྐྱར་དུ་དབྱེ་བ་དང་། སྔོན་ཆད་ནུས་པ་ཡོད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་ད་ལྟ་འཚོ་བར་རང་ནུས་ཡོད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་ལེགས་སྒྲིག་བྱས། སྔོན་ཆད་དཀའ་ངལ་ཅུང་ཙམ་ཡོད་པ་དང་དཀའ་ངལ་འབྲིང་ཙམ་ཡོད་པའི་ནུས་པ་མེད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་ད་ལྟ་འཚོ་བར་རང་ནུས་མེད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་ཁག་ཅིག་ཏུ་བསྒྱུར་བ་དང་། སྔོན་ཆད་ཧ་ཅང་དཀའ་ཁག་ཡོད་པའི་ནུས་པ་མེད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དག་ད་ལྟ་ད་ལྟ་འཚོ་བར་རང་ནུས་གཏན་ནས་མེད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་ལེགས་སྒྲིག་བྱས།
འཚོ་བའི་ནུས་པ་ཤོར་བའི་ཚོགས་སྤྱིའི་རིགས་ལ་གཞིགས་ནས་ལྟ་རྟོག་གི་ཚད་གཞི་ལེགས་སྒྲིག་བྱས་པ་དང་། འཚོ་བའི་རང་ནུས་སྐོར་ཞིག་ཤོར་བ་དང་། འཚོ་བའི་རང་ནུས་གཏན་ནས་ཤོར་བའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར། ཞིང་ཆེན་ཡོངས་ཀྱི་མ་མཐའི་གླ་ཕོགས་ཀྱི30% དང50%ལ་གཞིགས་ནས་ལྟ་རྟོག་གི་ཚད་གཞི་གཏན་འཁེལ་བྱས། དེའི་ཁྲོད། འཚོ་བའི་རང་ནུས་ཁག་ཅིག་ཤོར་བའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་ལྟ་རྟོག་དང་ནད་གཡོག་བྱེད་པའི་ཚད་གཞི་ཟླ་རེར་མི་རེར་ཆ་སྙོམས་སྒོར510བར་མཐོ་རུ་བཏང་བ་དང་། འཚོ་བ་རང་ནུས་གཏན་ནས་མེད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་ལྟ་རྟོག་དང་ནད་གཡོག་བྱེད་པའི་ཚད་གཞི་ཟླ་རེར་མི་རེར་ཆ་སྙོམས་སྒོར850བར་མཐོ་རུ་བཏང་།
དེ་དང་ཆབས་ཅིག ཁ་ཐོར་འཚོ་སྐྱོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་འཚོ་བའི་སྤུས་ཚད་ལ་དཔྱད་དཔོག་གང་ལེགས་བྱས་པ་དང་། དཔྱད་དཔོག་བྱས་པ་བརྒྱུད་ཁ་ཐོར་དང་ཁྱིམ་སྡོད་འཚོ་སྐྱོང་བྱ་རྒྱུར་མི་འཚམ་པའི་མི་སྣར་གནས་སྡོད་ཁྲིད་སྟོན་སྒྲིག་གཞིས་ཚེ་སྲོག་བདེ་ཐང་དང་བདེ་འཇགས་ལ་འགན་ལེན་བྱས་ནས། འཚོ་བའི་སྤུས་ཚད་ཏན་ཏིག་ངང་ཇེ་མཐོར་བཏང་། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
མཚོ་སྔོན་ཞིང་ཆེན་གྱིས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོར་དང་འཚོ་སྐྱོང་གི་སྲིད་ཇུས་དང་ཚད་གཞི་སྔར་ལས་མཐོར་འདེགས་སུ་བཏང་།