ཀྲུང་གོ་བོད་ཀྱི་དྲ་བ།

ཧོང་ཡོན་རྫོང་གིས་ནན་ཏན་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  བསྟུད་མར་ཉིན་འགའི་རིང་།  ཟི་ལིང་གྲོང་ཁྱེར་ཧོང་ཡོན་རྫོང་གི་ཤང(གྲོང་རྡལ)སོ་སོའི“གསར་བ་གཉིས”ཀྱི་ཕྱོགས་བསྡུས་ཏང་ཨུ་ཡིས“གསར་བ་གཉིས”ཀྱི་རྩ་འཛུགས་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས།  ཏང་འཛུགས་སྐྱོང་གི་སློབ་སྟོན་པ་དང་ཁེ་ལས་སུ་བཅའ་སྡོད་བྱེད་པའི་འབྲེལ་གཏུག་མི་སྣ་སོགས་ཀྱི་དཔུང་ཁག་གི་སྟོབས་ཤུགས་སྡེབ་སྒྲིག་བྱས་ཏེ།   “ཏང་གི་སློབ་ཚན་ཁྲིད་མགོ་ཚུགས་པ”དང་སྐབས་བསྟུན་བྱེད་སྒོ་སྣ་ཚོགས་སྤེལ་ནས།  ཐབས་ལམ་མང་པོ་དང་བྱེད་ཐབས་མང་པོར་བརྟེན་ནས།  ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མི་སེམས་སུ་གཤགས་པ་དང་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་།

རྗེས་མར།  ཧོང་ཡོན་རྫོང་ཨུའི“གསར་བ་གཉིས”ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག།  ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩིས་ནས།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་སྒེར་གྱི་ཁེ་ལས་དང་སྤྱི་ཚོགས་ཀྱི་རྩ་འཛུགས་སུ་སྒྲོག་འགྲེལ་བྱེད་པར་སྐུལ་འདེད་བཏང་སྟེ།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་མཐར་་ཕྱིན་པ་བྱས་ནས།  དེ་བྱ་བ་དང་ལག་ལེན་ལ་སློབ་སྟོན་བྱེད་པའི་བསམ་བློའི་མཚོན་ཆ་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་སྟོབས་ལྡན་དུ་འགྱུར་བར་བྱ་དགོས།  ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།