ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཞའོ་ཅུན་གྱིས་རིམས་ནད་འགོག་སྡོམ་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས19ཉིན།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་དང་། མཁར་བྱང་ཁུལ་གྱི་གནས་སྐབས་བཀག་སྡོམ་གཞིས་ཁུལ་དང་། ཚོང་རྫས་སྒོ་རྩིས་ཚོང་ཁང་། ལོགས་བགར་བྱེད་སར་སོང་ནས། རིམས་ནད་འགོག་སྡོམ་བྱ་བར་ལྟ་སྐུལ་མཛུབ་སྟོན་གནང་བ་དང་། རིམས་ནད་འགོག་སྡོམ་མི་སྣར་འཚམས་འདྲི་བྱས། ཁོའི་བསྟན་དོན། དེང་སྐབས་རིམས་ནད་ཀྱི་གནས་བབ་ཀྱི་རྙོག་འཛིང་རང་བཞིན་ལ་ངེས་ཤེས་ཟབ་མོ་ཡོད་པ་དང་། འཐུས་ཚང་། ཡང་དག ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ཁྱོན་ཡོངས་ནས་ལག་ལེན་དོན་འཁྱོལ་བྱས་ཏེ། བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ཡོང་བར་བྱས་ནས། སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོང་བྱེད་དགོས་ཞེས་བསྟན།

“དངོས་ཟོག་སྡེབ་སྒྲིག་བྱས་པ་ག་འདྲ་རེད།”“ནད་ལ་སྟོན་པ་སོགས་ཀྱི་སྨན་བཅོས་འགན་སྲུང་ག་འདྲ་རེད།”“འཚོ་བའི་གད་སྙིགས་ཐག་གཅོད་བྱས་པ་ག་འདྲ་རེད”མཁར་ཤར་ཁུལ་ཞ་ཏུའུ་ཧྥུའུ་ཏི་དང་། མཚོ་བོད་ལྕགས་ལམ་ཧྭ་ཡོན་གླིང་། ཐའེ་ཉིན་ཧྭ་ཡོན་གཞིས་ཁུལ། མཁར་བྱང་ཁུལ་དབྱང་ཀོང་ལིའི་ཅིན། ཏིན་ཨན་མིན་ཁྲིན་གཞིས་ཁུལ་དུ། ཝུའུ་ཞའོ་ཅུན་གྱིས་རིམས་ནད་ཡུལ་དངོས་མི་སྣ་དང་བརྗེ་རེས་བྱས་པ་དང་། འགོག་སྡོམ་བྱེད་ཐབས་དོན་འཁྱོལ། འཚོ་བའི་དངོས་ཟོག་ཞབས་ཞུའི་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཁོ་ཚོར་སྙིང་ཉེ་བའི་འཚམས་འདྲི་གནང་། ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། མང་ཚོགས་ཀྱི་རེ་འབོད་དང་རེ་བར་ཉན་པ་དང་། བརྩེ་བ་ཟབ་མོས་མང་ཚོགས་ལ་ཞབས་ཞུ་སྒྲུབ་ནས། འཚོ་བའི་དངོས་ཟོག་མཁོ་འདོན་ལ་ཤུགས་བསྣན་ནས། དུས་ཐོག་ཏུ་མང་ཚོགས་ཀྱིས་བཏོན་པའི་གནད་དོན་ཐག་གཅོད་བྱས་ཏེ། ཉེན་ཁ་འགོག་སྲུང་ནན་མོ་བྱེད་དགོས། འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ཡུལ་དངོས་ལས་སྒྲུབ་མི་སྣར་སེམས་ཁུར་བྱེད་པ་དང་། བདེ་འཇགས་འགོག་སྲུང་དང་ཞབས་ཞུ་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་ནས། བྱ་བའི་ཆ་རྐྱེན་ལེགས་པོ་གསར་སྐྲུན་བྱེད་དགོས།

དབྱི་ཧུ་མགྲོན་ཁང་སོགས་ཀྱི་ལོགས་བགར་བྱེད་སར། ཝུའུ་ཞའོ་ཅུན་གྱིས་སྒྲིག་ཆས་སྡེབ་སྒྲིག་དང་། དུག་སེལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོའི་བཤད་རྒྱུར། བྱེད་ཐབས་ལེགས་པོ་གཟབ་ནན་སྒོས་དོན་འཁྱོལ་དང་། གོ་རིམ་ཚད་ལྡན་དུ་བཏང་ནས། མི་སྣའི་དོ་དམ་དང་། གནས་གཞན་དུ་སྐྱེལ་བ། གད་སྙིགས་ཐག་གཅོད། དུག་སེལ། ཞབས་ཞུ་འགན་སྲུང་སོགས་ཀྱི་བྱ་བ་སོ་སོ་ལེགས་པོར་སྒྲུབ་ནས། བདེ་འཇགས་དང་ ཚད་ལྡན། གོ་རིམ་ལྡན་པའི་ངང་འཁོར་རྒྱུག་ཡོང་བར་བྱེད་དགོས། 

ཧྭ་ལེན་སྒོ་རྩིས་ཚོང་ཁང་ཀྲུང་ཧྥ་ཡོན་དུ། ཝུའུ་ཞའོ་ཅུན་གྱིས་གོ་རིམ་ལྡན་པའི་ངང་ཉོ་སྒྲུབ་བྱེད་པའི་གྲོང་ཁྱེར་སྡོད་དམངས་དང་ལས་སྒྲུབ་མི་སྣར་བརྗེ་རེས་བྱས་ཏེ། ཡུལ་དངོས་ནས་རིམས་ནད་འགོག་སྡོམ་བྱེད་ཐབས་དོན་འཁྱོལ་དང་། དངོས་ཟོག་མཁོ་འདོན། རིན་གོང་གཏན་འཇགས་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་རྗེས་བཤད་རྒྱུར། སྒོ་རྩིས་ཚོང་ཁང་སོགས་ཀྱི་མི་སྣ་འདུ་འཛོམས་བྱེད་ས་ནི་རིམས་ནད་འགོག་སྡོམ་གྱི་གཙོ་གནད་ཡིན་པས། ཁ་ཐུམ་རྒྱག་པ་སོགས་ཀྱི་འགོག་སྡོམ་བྱེད་ཐབས་དོན་འཁྱོལ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་འཚོ་བའི་དངོས་རྫས་འགན་སྲུང་དང་། རིན་གོང་གཏན་འཇགས་བྱ་བ་ལེགས་པོར་སྒྲུབ་ནས། རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་བསྐོང་དགོས་ཞེས་བཤད།། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།