ཀྲུང་གོ་བོད་ཀྱི་དྲ་བ།

མགོན་པོ་བཀྲ་ཤིས་ཀྱིས་ཏུའུ་ལན་རྫོང་དུ་རྟོག་ཞིབ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་དུ་སོང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་གནང་།

མགོན་པོ་བཀྲ་ཤིས་སྔ་རྗེས་སུ་ཏུའུ་ལན་རྫོང་པཎ་ཆེན་ཤིང་སྡེ་དགོན་དང་། ཆུ་ཁོལ་ཤང་ཆུ་ཁོལ་གནའ་བོའི་བང་སོའི་ཚོགས་པ། ཏུའུ་ལན་རྫོང་དངོས་མང་བཤམས་སྟོན་ཁང་སོགས་སུ་སོང་ནས་ཡུལ་དངོས་སུ་རྟོག་ཞིབ་གནང་། ཁོའི་བསྟན་དོན། ཏུའུ་ལན་རྫོང་གིས་མི་རིགས་བྱ་བར་མཐོང་ཆེན་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་སྲ་བརྟན་དུ་གཏོང་བ་བརྗོད་སྙིང་བྱས་ནས། ཧུར་ཐག་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་སྐྲུན་ཞིང་ཆེན་འཛུགས་སྐྲུན་གྱི་སྤྱི་ཁྱོན་ཁྲོད་འདྲེས་སུ་བཅུག་ཏེ། ཐབས་ལམ་གསར་བ་འཚོལ་ཞིབ་དང་། སྟེགས་བུ་གསར་བ་དང་སྒྲུབ་ཐབས་གསར་བ་འཚོལ་ཞིབ་སྒོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་གྱི་ནང་དོན་ཁྲོད་བླངས་ནས། ཏང་གི་མི་རིགས་སྲིད་ཇུས་དེ་ཏུའུ་ལན་རྫོང་དུ་རྩ་བ་ཚུགས་ཤིང་། རྩེ་མོ་རྒྱས་སུ་འཇུག་པར་སྐུལ་འདེད་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བར་ཕན་འབྲས་ཐོབ་པ་དང་ཁྱད་ཆོས་གསལ་བོ་ཡོང་བར་བྱེད་དགོས་ཞེས་བསྟན།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་བྱེད་པ་ནི། དེང་སྐབས་དང་རྗེས་ཕྱོགས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་“ཁོང་དུ་ཆུད་པར་བྱེད་པ་ལྔའི”བླང་བྱ་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་། ཁྱོན་ཡོངས་ནས་སློབ་སྦྱོང་། ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་བྱས་ཏེ། “གཏན་ཕབ་གཉིས”ལ་སྲུང་སྐྱོང་དང་། “སྲུང་སྐྱོང་གཉིས”ལག་ལེན་བྱས་ཏེ། ཡིད་ཆེས་བརྟན་པོ་དང་། དཀའ་སྤྱད་སྡུག་རུས། ཡར་སྐུལ་བརྩོན་ལེན་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་བསམ་བློ་གཅིག་གྱུར་སྟེང་དོན་འཁྱོལ་བྱེད་པ་དང་། བྱེ་བྲག་གི་སྤྱོད་ཚུལ་ཐད་ཡོང་བར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་བྱ་བའི་བསམ་བློ་གལ་ཆེན་ལ་སློབ་སྦྱོང་དྲིལ་སྒྲོག་ལག་ལེན་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་བྱེ་བྲག་གི་དོན་སྙིང་ལ་ངེས་ཤེས་དང་ཁོང་དུ་ཆུད་པར་བྱས་ནས། རང་འགུལ་ངང་བསམ་བློ་དང་སྤྱོད་ཚུལ་གཉིས་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་སྟེང་ཐོན་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་ལོ་རྒྱུས་གནས་ཚད་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས། ཏུའུ་ལན་གྱི་རྨང་མཐུག་པའི་རིག་གནས་ལ་རྐང་བཙུགས་ཏེ། སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས། མི་རིགས་རིག་གནས་ཀྱི་ཉིང་བཅུད་སྔོག་འདོན་དང་། མི་རིགས་རིག་གནས་སྲུང་སྐྱོང་རྒྱུན་འཛིན་བྱས་ཏེ། ལོ་རྒྱུས་དང་རིག་རྫས་ལ་གསོན་ཤུགས་མངོན་དུ་འཇུག་དགོས། པཎ་ཆེན་ཤིང་སྡེས་རྒྱལ་གཅེས་རིང་ལུགས་སློབ་གསོའི་ཐུན་མིན་དགེ་མཚན་ལ་རྐང་བཙུགས་ཏེ། མགྱོགས་མྱུར་ངང་ཏུའུ་ལན་རྫོང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་མྱོང་རོལ་ཁང་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། ཏུའུ་ལན་གྱི་ཕྱི་ཕྱོགས་དྲིལ་སྒྲོག་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་རུ་འགྱུར་བར་བྱེད་པ་དང་། རིགས་སོ་སོའི་མང་ཚོགས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པར་སྣེ་ཁྲིད་དེ། མི་རིགས་སོ་སོ་འགྲོ་འོང་ལ་སྐུལ་འདེད་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།