ཀྲུང་གོ་བོད་ཀྱི་དྲ་བ།

པད་གོས་ནང་ཆེན་རྫོང་ཤོར་མདའ་གྲོང་རྡལ་ཟླ་ཆོ་སྡེ་བར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཤོར་མདའ་གྲོང་རྡལ་ཟླ་ཆོ་སྡེ་བར་སོང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཟླ་ཆོ་སྡེ་བར། པད་གོས་ཡུལ་དངོས་ནས་གྲོང་གསེབ་དར་སྤེལ་དཔེ་སྟོན་སྡེ་བའི་འཛུགས་སྐྲུན་ལས་གཞིར་རྟོག་ཞིབ་བྱས་པ་དང་། ཏང་ཡོན་རྒན་པ་དང་དབུལ་ཐར་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། “སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང”གི་ཁོངས་མི་ཚོ་དང་སྙིང་ཉེ་བའི་གླེང་མོལ་བྱས་པ་དང་། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་། ཡུས་ཧྲུའུ་ཁུལ། དེ་མིན་ནང་ཆེན་རྫོང་གི་དོན་དངོས་དང་ཟུང་འབྲེལ་སྒོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བརྗོད་དོན་དང་དོན་སྙིང་དང་དམ་དུ་འབྲེལ་ཏེ། འདས་པའི་ལོ་ལྔའི་རིང་གི་གྲུབ་འབྲས་དང་། དུས་རབས་གསར་བའི་ལོ་ངོ་བཅུའི་རིང་གི་རླབས་ཆེན་འཕོ་འགྱུར།  དེ་མིན་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཁྱོན་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་སོགས་ཀྱི་ཐད་ནས། པད་གོས་ཏང་ཡོན་ལས་བྱེད་མང་ཚོགས་དང་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་གྱི་མྱོང་ཚོར་ཐད་ནས་བརྗེ་རེས་བྱས་པ་དང་། ཚང་མའི་ཉེ་འགྲམ་གྱི་འགྱུར་ལྡོག་དང་གསོན་ཉམས་ལྡན་པའི་སྐད་ཆས། ཏང་ཡོན་མང་ཚོགས་ཀྱི་བསམ་བློ་དང་སྤྱོད་ཚུལ་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་སྣེ་ཁྲིད་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་། ལག་ལེན་མཛུབ་སྟོན། བྱ་བར་སྐུལ་འདེད་ཡོང་བར་བྱས། བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དྲིལ་སྒྲོག་ལག་ལེན་བྱེད་པ་ནི་དེང་སྐབས་དང་། རྗེས་ཕྱོགས་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་དང་པོ་ཡིན་ལ། སྔར་ལས་གཏིང་ཟབ་པའི་སྒོ་ནས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”མཐོར་འདེགས། “སྲུང་སྐྱོང་གཉིས”སྒྲུབ་པར་བྱས་ཏེ། ཏང་གི་སྐད་ཆར་ཉན་པ་དང་། ཏང་ལ་དྲིན་གཟོ། ཏང་གི་རྗེས་སུ་འབྲངས་དགོས། ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར། དྲིན་གཟོ་དར་སྤེལ་དང་། རང་སྟོབས་རང་སྤེལ། དཀྱེལ་ཡངས། གསར་གཏོད། མཛེས་སྡུག་གི“ཡུས་ཧྲུའུ་གསར་བའི་སྙིང་སྟོབས”དར་སྤེལ་དང་། མུ་མཐུད་དུ་ཧུར་བརྩོན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ། མཉམ་དུ་འབྱོར་ཕྱུག་ཡོང་བའི་ཐད་ཐབས་ཇུས་བཏོན་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་གི་ཐད་དུ་བསྒྱུར་བར་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།