ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ཚོགས་པས་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར209.92བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས9ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སི་ནས་རྒྱུས་ལོན་པ་ལྟར་ན། རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བའི་རིམས་ནད་ཀྱི་མདུན་དུ།  མཚོ་སྔོན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ཚོགས་པས་གནད་སྨིན་དངོས་སྒྲུབ་ཀྱི་བྱ་ཐབས་སྤྱད་དེ།  གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་ཨར་ལས་དངོས་ཟོག་མཁོ་སྤྲོད་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས།  གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུར་འགན་ལེན་བྱས་ཏེ།  ནུས་ཤུགས་ཡོད་རྒུས་འགག་སྒྲོལ་དང་མཐའ་མའི་གདོང་མཆོང་གི་ཐོན་སྐྱེད་དམིགས་ཚད་མངོན་འགྱུར་བྱས། 

ཟླ11པའི་ཚེས9ཉིན་བར།  མཚོ་སྔོན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ཚོགས་པས་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར209.92བཏང་སྟེ།  ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་ལོ་འཁོར་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱས་པའི་ལས་འགན་གྱི95.42%ཟིན་པ་དང་།  ཞན་ཆ་ཁ་གསབ་དང་།  དམངས་འཚོར་ཕན་འདོགས་པ།  འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགྲིམ་འགྲུལ་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཁག་གཅིག་ལ་འཕེལ་རིམ་གསར་བ་བྱུང་། 

གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་དངོས་ཟོག་སྐྱེལ་འདྲེན་བདེ་བླག་དང་རིམས་ནད་སྔོན་འགོག་ཚོད་འཛིན་བདེ་འཇགས་ཡོང་བར་འགན་ལེན་བྱ་ཆེད། མཚོ་སྔོན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ཚོགས་པས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་རིམས་ནད་བྱུང་ཚུན་རིང་དངོས་ཟོག་སྐྱེལ་འདྲེན་འགན་ལེན་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས།  འཛུགས་སྐྲུན་རྣམ་གྲངས་ཀྱི་ས་ཁོངས་ཁྱབ་ཚུལ་གྱི་ཁྱད་ཆོས་ལ་གཞིགས་ཏེ།  ས་ཁོངས་ལས་དོན་གྱི་ཆེད་དོན་འཛིན་གྲྭ5བཙུགས་ནས་རིམས་ནད་བྱུང་ཚུན་རིང་ཡུག་སྦྲེལ་ཁུལ་ཁག་གི་གཞུང་ལམ་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་བྱེ་རྡོ་དང་།  ངར་ལྕགས་རྒྱུ་ཆ།  ཨར་འདམ་སོགས་རྒྱུ་ཆ་གཙོ་བོའི་སྐྱེལ་འདྲེན་མཁོ་སྤྲོད་ལ་སྤྱི་འདོམས་བྱས། 

 “རྣམ་གྲངས་གཅིག་ལ་ཇུས་གཞི་གཅིག”གི་རྩ་དོན་གཞིར་བཟུང་སྟེ།  བསྡོམས་རྩིས་ལ་མཁོ་བའི་ཨར་ལས་དངོས་རྫས་ཁྱོན་ཡོངས་ནས་ལེགས་སྒྲིག་དང་།  ཆེད་ལས་སྐྱེལ་འདྲེན་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་སྐྱེལ་འདྲེན་བཀོད་གཏོང་བྱེད་པ་དང་།  མཚོ་སྔོན་ཞིང་ཆེན་གྱི་ཟོག་འདྲེན་རླངས་འཁོར་གྱི་ཐོ་འགོད་སྙན་སེང་གྲ་སྒྲིག་གི་གོ་རིམ་ཆུང་ངུའི“མཚོ་སྔོན་གྱི་ཆ་འཕྲིན་ཤར་བགྲོད”བེད་སྤྱོད་བཅས་བྱས་ནས།  འཛུགས་སྐྲུན་རྣམ་གྲངས་ཀྱི་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་གྱི་དྲ་ཐོག་ཐོ་འགོད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས།  “རླངས་འཁོར་རེར་ལག་ཁྱེར་རེ་དང་ལམ་ཐིག་རེའི”ས་ཚིགས་སྐྱེལ་འདྲེན་ལག་བསྟར་ནན་མོ་བྱས།

ཟླ10པའི་ཚེས28ཉིན་ནས་ཟླ11པའི་ཚེས7ཉིན་བར།  གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ལ་རླངས་འཁོར་ཐེངས2265ཡི་བྱེ་རྡོ་སྨི་རྒྱ་དཔངས་གྲུ་བཞི་མ58134དང་།    ཨར་འདམ་རླངས་འཁོར་ཐེངས845ཡི་ཏུན27413།  རླངས་འཁོར་ཐེངས178ཀྱི་ངར་ལྕགས་རྒྱུ་ཆ་ཏུན6265།  རླངས་འཁོར་ཐེངས31གི་སྣུམ་སྙིགས་ཏུན979བཅས་སྐྱེལ་འདྲེན་བྱས་ནས།  གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ལ་བརྟན་འཇགས་ངང་སྐུལ་འདེད་གཏོང་རྒྱུར་འགན་ལེན་བྱས།  མིག་སྔར་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་གཙོ་གནད་འཛུགས་སྐྲུན་རྣམ་གྲངས17གྱི་རྣམ་གྲངས་རྒྱུན་གཏན་ལྟར་སྐྲུན་འགོ་ཚུགས་པ་དང་རྣམ་གྲངས1གི་ལས་གྲྭ་ཁག་ཅིག་བསྐྲུན་བཞིན་ཡོད།  ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།