ཀྲུང་གོ་བོད་ཀྱི་དྲ་བ།

ཁྲི་འདུ་རྫོང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་འགའི་རིང་། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གི་རིམ་པ་སོ་སོའི་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གཏིང་ཟབ་མོས་སློབ་སྦྱོང་བྱས་པ་དང་།   ཏང་ཡོན་ཚོས་ཡང་དང་བསྐྱར་དུ་ཀློག་འདོན་བྱེད་པ་དང་། བགྲོ་གླེང་བྱེད་པར་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱས། ཁོ་ཚོས་སྤོབས་པ་ཆེར་བསྐྱེད་ཀྱི་བྱ་བའི་སྟེང་ཞུགས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྲི་འདུ་རྫོང་དུ་ཁྱབ་གདལ་དུ་གཏོང་རྒྱུ་དང་། ཁྲི་འདུ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེའུ་གསར་བ་གསར་སྐྲུན་བྱ་རྒྱུ་ཡིན་ཟེར།  

ཁྲི་འདུ་རྫོང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་ནི་དེང་སྐབས་དང་རྗེས་ཕྱོགས་དུས་སྐབས་ཞིག་གི་ཆབ་སྲིད་ཀྱི་ལས་འགན་དང་པོ་རུ་བཞག་ནས། ཧུར་ཐག་སྒོས་སློབ་སྦྱོང་གི་གྲུབ་འབྲས་དེ་ཆབ་སྲིད་ཀྱི་གྲུབ་འབྲས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སུ་བསྒྱུར་བ་དང་།  བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གནང་བའི་བགྲོད་ལམ་སྟེང་སྙེག་མགོ་བརྩམས་ཏེ། འབད་པ་ལྷོད་མེད་དང་གོམ་གང་མདུན་སྤོས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྲི་འདུ་རྫོང་གི་འཛུགས་སྐྲུན་སོ་སོར་ལག་བསྟར་བྱེད་དགོས། ཞེས་ཁྲི་འདུ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཅིན་ཧྲིན་ཧྭས་རང་ཉིད་ཀྱི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་བློ་བསྐྱེད་དང་ཐོབ་བྱ་སོགས་ལྷུག་པོར་བརྗོད་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཀྱི་འཚོ་བ་ལེགས་བཅོས་དང་འགན་སྲུང་། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་སོགས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱབ་གདལ་དུ་གཏོང་དགོས་ཟེར། 

ཤེས་གསལ་ལྟར་ན། ཁྲི་འདུ་རྫོང་གིས་མུ་མཐུད་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གཏིང་ཟབ་མོའི་དྲིལ་སྒྲོག་བྱ་རྒྱུ་ཡིན་པ་དང་། མུ་མཐུད་དུ་སྐྱེ་ཁམས་སྲུང་སྐྱོང་ནི་འཐབ་ཇུས་ཀྱི་གནད་ས་གཙོ་རུ་བཞག་ནས། “ཀྲུང་ཧྭ་ཆུ་མཛོད”སྲུང་སྐྱོང་བྱེད་པའི་བྱ་འགུལ་ལག་བསྟར་བྱེད་པ། རི་ཆུ་ནགས་གསུམ་དང་། རྩྭ་ཐང་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་། འབྱུང་ཡུལ་བཅོས་སྐྱོང་སོགས་གཅིག་གྱུར་སྒོས་སྐུལ་སྤེལ་བྱེད་རྒྱུ་དང་། རྒྱུན་ཆད་མེད་པར་རྒྱལ་ཁབ་ས་ཁོངས་ལྗང་འགྱུར་བྱ་བ་ལེགས་པོ་སྒྲུབ་ནས། སྔར་ལས་ལྷག་པར་རི་སྔོ་ཆུ་དྭངས་ཀྱི་ཁྲི་འདུ་རྫོང་གསར་སྐྲུན་བྱེད་པར་འབད་བརྩོན་བྱ་རྒྱུ་རེད།   །   

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།