ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་གྲོས་ཚོགས་ལ་མགོ་འཛིན་གནང་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། བྱ་བར་ཞིབ་འཇུག་དང་ལག་བསྟར་དོན་འཁྱོལ་བྱས། 

གྲོས་ཚོགས་སྟེང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་གྲོལ་མ་ཐག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་དང་པོར་མགོ་འཛིན་གནང་ཞིང་། དམག་དཔུང་གི་མགོ་ཁྲིད་ལས་བྱེད་པའི་ཚོགས་འདུར་ཞུགས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་རྣམས་ཀྱི་སྣེ་ཁྲིད་དེ་ཡན་ཨན་གསར་བརྗེའི་དྲན་གསོ་ཁུལ་དུ་གཟིགས་ཞིབ་དང་། ཧྲའན་ཞིའི་ཡན་ཨན་དང་ཧོ་ནན་ཨན་དབྱང་དུ་རྟོག་ཞིབ་གནང་ནས་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་ཡོད་པས། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པ། ལས་དོན་ཁག་དམ་འཛིན་བྱེད་པར་རྩ་བའི་བརྩི་སྲུང་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད་པར་བསྟན། 

གྲོས་ཚོགས་སྟེང་། ཁྱོན་ཡོངས་ནས་སློབ་སྦྱོང་དང་། ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་ཀྱི་ཐད་ལ་ཤུགས་བསྣན་ནས། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་གཞིར་བཟུང་། ཏང་ཙུའུ་ཡི་ཁོངས་མིས་སྣེ་ཁྲིད་དེ་སྒྲོག་འགྲེལ་སློབ་སྦྱོང་དང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྐུལ་འདེད་གཏིང་ཟབ་བཏང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བཀོད་སྒྲིག་དང་བླང་བྱ་གལ་ཆེན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོ་རུ་ནན་ཏན་གྱིས་དོན་འཁྱོལ་བྱེད་དགོས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གཏིང་ཟབ་སྒོས་ཁོང་དུ་ཆུད་པ་བྱས་ནས“འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། སྲིད་གཞུང་གི་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པར་འགན་ལེན་བྱེད་དགོས། ཤུགས་ཆེན་པོས་རླབས་ཆེན་གྱི་ཏང་འཛུགས་སྐྱོང་བྱེད་པའི་སྙིང་སྟོབས་དར་སྤེལ་བཏང་ནས། “འབར་མདེལ་གཉིས་དང་འཁོར་སྐར་གཅིག”གི་སྙིང་སྟོབས་དང་། “ལམ་གཉིས”སྙིང་སྟོབས། ཡོམ་འགོག་རྒུད་སྐྱོབ་ཀྱི་སྙིང་སྟོབས་སོགས་རྒྱུན་འཛིན་བྱེད་དགོས་པ་མ་ཟད། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས་པར་ནན་གྱིས་བསྟན། 

གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅིའི་རིམས་ནད་འགོག་སྡོམ་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས།  མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་དང་། མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་འགན་སྲུང་བཟང་པོ་བྱ་རྒྱུ་ནི་སྔར་ལས་གལ་ཆེ་བའི་གོ་གནས་སུ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། ཕན་འབྲས་ཆེ་བའི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། འགོག་སྡོམ་བྱེད་ཐབས་ཇེ་ལེགས་སུ་གཏོང་བ། བྱ་བའི་ཆུ་ཚད་མཐོ་རུ་གཏོང་བ། ཞན་ཆ་མཐའ་གཅིག་ཏུ་དག་ཐེར་བྱེད་པ། རིམས་ནད་འགོག་སྡོམ་གྱི་ཆ་འཕྲིན་དུས་ལྟར་ཁྱབ་སྒྲོག་བྱེད་པ། མང་ཚོགས་ཀྱི་དོ་ཁུར་ལ་རང་འགུལ་ངང་ལན་འདེབས་པ། འཐབ་ཡུལ་དང་པོའི་ལས་དོན་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ། མྱུར་ཚད་ཆེས་མགྱོགས་པའི་སྒོ་ནས་རིམས་ནད་ཚོད་འཛིན་བྱེད་པ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བཅས་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།