ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱ་བ་བཀོད་སྒྲིག་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་ཆེད་དོན་གྲོས་ཚོགས་བསྡུས་ཏེ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བླང་བྱ་བརྒྱུད་སྒྲོག་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་སྐོར་གྱི་འབྲེལ་ཡོད་བྱ་བ་ཆེད་དུ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་དབྱི་ཧྲུའུ་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་གནང་བ་དང་། དམག་སྤྱི་ལིའུ་ཀོ་ཕིང་གྲོས་ཚོགས་ལ་ཞུགས།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའམ། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་ལང་ཅེ་ཡིས་གྲོས་ཚོགས་ལ་ཞུགས་པ་དང་སྙན་ཞུ་ཉན་པར་ཟུང་འབྲེལ་བྱས་ཏེ་རང་གི་མྱོང་ཚོར་གླེང་བ་དང་། ཞིང་ཆེན་དམག་ཁུལ་ལས་ཁུངས་དང་དམག་ཁུལ་ཡན་ལག་ཁང་གི་མགོ་ཁྲིད་ལས་བྱེད་པ་བཞི་ཡིས་སློབ་སྦྱོང་བརྗེ་རེས་སྐོར་གྱི་གཏམ་བཤད་གནང་།

ལིའུ་ཀོ་ཕིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་ཚུལ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པར་དམིགས་ཏེ་ཚང་མ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས། དམག་ཁུལ་གྱི་ཕྱོགས་ཡོངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་ཚུལ་དང་བརྟག་ཐབས་སྨྲ་བས་ལས་དོན་སོ་སོར་མཛུབ་སྟོན་གནང་དགོས་ཤིང་། མི་དམངས་བླ་ན་མེད་པ་དང་མི་དམངས་ལ་ཞབས་ཞུ་སྒྲུབ་པ། གཞི་རིམ་ལ་ཞབས་ཞུ་སྒྲུབ་པ་རྒྱུན་འཁྱོངས་བྱེད་པ་དང་། ཡིད་ཆེས་རང་ཚུགས་དང་འབད་བརྩོན་ལྷོད་མེད། འབྱུང་འགྱུར་གསར་གཏོད་རྒྱུན་འཁྱོངས་བྱེད་པ། མ་ལག་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཡོངས་ཚོད་འཛིན་དང་སྤྱི་ཁོག་ལ་སྐུལ་འདེད་གཏོང་དགོས་ལ། སེམས་ལ་མི་དམངས་བཅངས་ཏེ། མཐོ་སྒང་དུ་གཞི་ཚུགས་པ་དང་རྒྱལ་སྲུང་ལ་བྱས་རྗེས་འཇོག་དགོས་ཞེས་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།