ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-11-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཤིང་། ཞིན་ཁྲང་ཞིང་གིས་མགོ་འཛིན་གནང་། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས31ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ནས། མིག་སྔའི་ཞིང་ཆེན་ཡོངས་དང་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་མ་ཟད། མིག་སྔའི་གནས་བབ་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་དང་བརྡར་གཅོད་བྱས་ཤིང་། གོ་རིམ་རྗེས་མའི་ལས་འགན་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་མགོ་འཛིན་གནང་།

གྲོས་ཚོགས་སྟེང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་ཁྱོན་ཡོངས་ནས་སློབ་སྦྱོང་དང་། ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དམིགས་ཚད་དུ་འཛིན་དགོས་པ་དང་། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་སྔར་ལས་མཐོ་རུ་གཏོང་བ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། རིམས་ནད་འགོག་སྡོམ་གྱི་སྤྱིའི་ཐབས་ཇུས་དང་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། རིམས་ནད་འགོག་སྡོམ་དང་དམངས་འཚོར་འགན་སྲུང་བྱེད་པར་དམ་འཛིན་བྱས་ནས། བྱེ་བྲག་ཁུལ་གྱི་རིམས་ནད་མྱུར་དུ་འགོག་སྡོམ་བྱེད་པ་དང་སྤྱི་ཚོགས་ངོས་ཀྱི་རིམས་ནད་གཙང་སེལ་བྱེད་པ་མྱུར་དུ་མངོན་འགྱུར་བྱེད་དགོས་ལ། བརྩེ་སེམས་མངོན་པར་བྱེད་པ་དང་། མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་དང་མི་ཚོགས་གཙོ་བོའི་དམིགས་བསལ་དགོས་མཁོར་འགན་སྲུང་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱི་རྣམ་འགྱུར་དང་མགྱོགས་མྱུར་གྱི་འགུལ་སྐྱོད། ནན་ཏན་གྱི་སྤྱོད་ཚུལ་བཅས་ལ་བརྟེན་ནས། དོན་དངོས་དང་ཞིབ་ཕྲའི་སྒོ་ནས་རིམས་ནད་འགོག་སྡོམ་བྱ་བ་བསྒྲུབ་དགོས་པར་བསྟན།

གྲོས་ཚོགས་སྟེང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་དོན་སྲ་བརྟན་དུ་གཏོང་དགོས་ཏེ། རིམས་ནད་འགོག་པའི་སྲ་བརྟན་གྱི་འགོག་རགས་བརྩིགས་དགོས་པ་མ་ཟད། དེ་ལས་ཀྱང་དམངས་འཚོར་འགན་སྲུང་བྱས་ནས། འགོག་སྡོམ་ལ་སྟོབས་ཤུགས་ཡོད་པ་དང་། བརྩེ་སེམས་དང་དྲོད་ཁོལ་ལྡན་པར་བྱེད་དགོས། འགུལ་སྐྱོད་ནི་ཆེས་སྟོབས་ཤུགས་ལྡན་པའི་སྒྲོག་གཏམ་ཡིན་ལ། ལག་བསྟར་བྱེད་པ་ནི་ཆེས་ཕན་འབྲས་ལྡན་པའི་འགན་འཁྲི་ཡིན། རིམས་ནད་ནི་ཏང་ཡོན་ལས་བྱེད་པས་ཐོག་མའི་ཕུགས་འདུན་དང་འགན་འཁྲི་ལག་བསྟར་བྱེད་པའི་རྒྱུགས་སྤྲོད་ཆེན་པོ་ཞིག་ཡིན་པས། ཏང་རྩ་འཛུགས་ཀྱི་དམག་འཐབ་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། གཙོ་གནད་སྔོན་སྣུར་དང་སྟོབས་ཤུགས་གཞི་རིམ་དུ་བཀོད་སྒྲིག་བྱེད་པ་དང། མ་མཐའི་བསམ་བློ་དང་མཐར་ཐུག་གི་བསམ་བློ་ཇེ་བརྟན་དུ་གཏོང་བ། ཏང་ཀྲུང་དབྱང་གིས་གཏན་ཁེལ་བྱས་པའི་རིམས་ནད་འགོག་སྡོམ་སྲིད་ཇུས་དང་བྱེད་ཐབས་ནན་ཏན་གྱིས་ལག་བསྟར་བྱེད་པ་ལས། རིམས་ནད་འགོག་སྡོམ་བྱ་བ་སྟབས་བདེ་ཅན་དུ་བསྒྱུར་བ་དང་དབྱེ་འབྱེད་མི་བྱེད་པ། རིམ་པ་བཞིན་གོང་དུ་སྤར་བ་སོགས་ཀྱི་སྣང་ཚུལ་མི་འབྱུང་བར་བྱེད་པ། དུས་ལྟར་སྤྱོད་ཚུལ་སྟེང་གི་གནད་དོན་མི་བཟང་བ་ཡོ་བསྲང་བྱེད་པ། བརྩེ་སེམས་ལྡན་པ་དང་འགན་འཁྲི་ཁྱེར་ནས་མང་ཚོགས་ལ་དྲོད་ཁོལ་ལྡན་པའི་ཞབས་ཞུ་འདོན་སྤྲོད་བྱེད་པ། དུས་ལྟར་མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་སེམས་ཁྲལ་བྱེད་པ་དང་རེ་སྒུག་བྱེད་པའི་གནད་དོན་ཐག་བཅད་ནས། འཚོ་བའི་ཉེར་མཁོའི་དངོས་རྫས་ཕུན་སུམ་ཚོགས་པ་མཁོ་འདོན་དང་དངོས་གོང་བརྟན་འཇགས་ཡོང་བར་ཁག་ཐེག་བྱེད་པ། མང་ཚོགས་ཀྱིས་སྨན་བཅོས་སྨན་བཀོལ་བྱེད་པར་གནོད་པ་མི་ཐེབས་པར་ཁག་ཐེག་བྱེད་དགོས། གླེང་ཕྱོགས་དྲིལ་སྒྲོག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་། དྲ་ཐོག་དང་དྲ་ཕྱི། དོན་ཆེན་དོན་ཆུང་ལ་སྤྱི་འདོམས་བྱས་ནས། དུས་ལྟར་དབང་གྲགས་ལྡན་པ་དང་། ཡང་དག་པའི་རིམས་ནད་སྐོར་གྱི་ཆ་འཕྲིན་དང་འགོག་སྡོམ་བྱ་བའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ནས། སྤྱི་ཚོགས་ཀྱིས་དོ་སྣང་བྱེད་པའི་གནད་དོན་ལ་ལན་བསྐྱོན་ནས། རིམས་ནད་འགོག་སྡོམ་བྱེད་པའི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།