ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་ཏང་ཙུའུ་ཡིས་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཞིབ་དཔྱོད་དཔོན་ཁྲ་ཆིང་ཅིའུ་ཡིས་ཏང་ཙུའུ་ཡི་རྒྱ་བསྐྱེད་ཚོགས་འདུར་མགོ་འཛིན་མཛད་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་དོན་འཁྱོལ་བཅས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། 

ཚོགས་འདུས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱ་རྒྱུ་ནི་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་དང་པོར་བརྩིས་ནས། བྱེད་ཐབས་ནུས་ལྡན་སྤྱད་དེ་མགྱོགས་མྱུར་ངང་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་ཀྱི་ཚ་རླབས་ཤིག་འཕྱུར་བར་བྱེད་དགོས། 

ཚོགས་འདུས་བླང་བྱ་བཏོན་དོན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་དམ་འཛིན་ནན་མོ་བྱས་ནས།  ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་གཞི་རྩའི་བླང་བྱར་གོ་བ་གཏིང་ཟབ་ལེན་དགོས། “སློབ་སྦྱོང”ལ་ཤུགས་སྣོན་བརྒྱབ་སྟེ་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་ཀྲི་པུའུ་མཉམ་སྡེབ་སློབ་སྦྱོང་བརྒྱུད་ཆེད་དོན་དཔེ་ཀློག་འཛིན་གྲྭ་བསྡུ་བ་དང་བསམ་ཚུལ་བརྗེ་རེས་ཚོགས་འདུ་འཚོག་པ། ཚོགས་ཆེན་ཉི་ཤུ་པའི་སློབ་སྦྱོང་གི་ཤེས་བྱ་འགྲན་བསྡུར་སྤེལ་བ་སོགས་རྣམ་པ་སྣ་ཚོགས་སྒོས་ཟམ་མི་ཆད་པར་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་གྱི་བྱེད་སྒོ་གཏིང་ཟབ་དུ་སྤེལ་བར་ཁྲིད་སྟོན་བྱེད་དགོས། སྒྲོག་འགྲེལ་རྒྱ་ཆེར་བྱས་ནས་སློབ་སྦྱོང་ལ་སྐུལ་འདེད་བཏང་སྟེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་བྱ་བའི་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ནས། དུས་ཐོག་ཏུ་ཆེད་མཁས་པ་གདན་དྲངས་ཏེ་མ་ལག་ཡོངས་སུ་ཟུར་ཁྲིད་དང་སློབ་ཁྲིད་བྱེད་པ་དང་། རིམ་པ་སོ་སོའི་མགོ་ཁྲིད་ཀྱིས་ཁག་བགོས་དོ་དམ་སྡེ་ཁག་དང་། ཐིག་ལམ་དང་གཞི་རིམ་བཅས་སུ་བསྐྱོད་དེ། རྒྱ་ཆེའི་ལས་བྱེད་ཉེན་རྟོག་པ་དང་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་དགོས། “བསམ་བློ་གཏོང་བར”ཤུགས་སྣོན་བརྒྱབ་སྟེ་ཞིབ་དཔྱོད་འགན་ནུས་དང་ལས་ཀའི་དོན་དངོས་ཟུང་འབྲེལ་བྱས་ཏེ་བསམ་གཞིག་གཏིང་ཟབ་བྱས་ནས། ནན་ཏན་སྒོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཇུས་འགོད་བྱེད་དགོས། “འགུལ་སྐྱོད”ལ་ཤུགས་སྣོན་བརྒྱབ་སྟེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལས་དོན་ཁག་ཏན་ཏིག་ངང་མདུན་ཕྱོགས་སུ་སྤེལ་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་ཏན་ཏིག་ཐུབ་པར་ཁག་ཐེག་བྱེད་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།