ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ཤར་གྲོང་ཁྱེར་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གོ་རིམ་ཡོངས་སུ་དངོས་འབེབས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་དང་། ཞི་ཅིན་ཕིང་ཀོང་ཞི་འཐུས་ཚབ་ཚོགས་པའི་བགྲོ་གླེང་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན། ཞིང་ཆེན་ཏང་ཨུའི་རྒྱ་བསྐྱེད་གྲོས་ཚོགས་ཀྱི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ། མཚོ་ཤར་གྲོང་ཁྱེར་ཡོངས་སུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་རྒྱས་པར་བཀོད་སྒྲིག་བྱས། 

གྲོས་ཚོགས་ལས་མཚོ་ཤར་གྲོང་ཁྱེར་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པ་ནི་ད་སྐབས་དང་རྗེས་ཕྱོགས་ཡུན་རིང་ཞིག་གི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་ཡིན་པ་དང་།  “གཏན་ཕབ་གཉིས”ལ་གཏིང་ཟབ་མོའི་གོ་བ་བླངས་ནས། “འདུ་ཤེས་བཞི”ལ་ཤུགས་བསྣན་པ་དང་། “ཡིད་ཆེས་བཞི”བརྟན་སྲུང་བྱེད་པ། “འགན་སྲུང་གཉིས”ལག་བསྟར་བྱེད་པ་སོགས་དོན་དངོས་སྟེང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཚོ་ཤར་གྲོང་ཁྱེར་གྱི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ཕྱོགས་སོ་སོར་དངོས་འབེབས་བྱེད་དགོས་ལ།  ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ཚོ་ཏང་གི་གཞུང་ལུགས་གསར་སྐྲུན་དང་དད་མོས་བརྟན་སྲུང་ཅན་བྱས་ཏེ།  སྔོན་ལ་གོམས་ཁ་བསྒྱུར་མཁན་དང་སློབ་སྦྱོང་གཏིང་ཟབ་བྱེད་པ་སོགས་དོན་དངོས་སྟེང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སེམས་ལ་འཛིན་དགོས་པ་དང་། ལག་ལེན་ཏུ་བྱེད་དགོས་པ། བསམ་བློ་དང་འགུལ་སྤྱོད་གཅིག་གྱུར་སྒོས་ཏང་ཀྲུང་དབྱང་གི་དགོངས་དོན་སྟེང་ཁ་ཕྱོགས་པ་བཅས་རྒྱ་ཆེའི་ཏང་ཡོན་ཚོའི་ནན་ནན་ཏིག་ཏིག་གིས་སློབ་སྦྱོང་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་བློ་སེམས་གཉིས་སུ་ངོས་དགོས། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་ད་དུང་སྣེ་ཁྲིད་ནས་དྲིལ་སྒྲོག་ཐད་ཤུགས་བསྣན་དགོས་པ་དང་། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དྲིལ་སྒྲོག་དང་སློབ་སྦྱོང་ལ་ལག་ལེན་མཐར་ཕྱིན་བྱས་ནས། རིགས་སོ་སོའི་མང་ཚོགས་རྣམས་དཀའ་ཁག་ཁྱད་བསད་ཀྱི་བློ་སྤོབས་རྒྱས་སུ་འཇུག་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། དགོངས་དོན་དངོས་འབབས་བྱས་ཏེ་མཇུག་འབྲས་ལེགས་པོ་ཐོབ་པར་སྐུལ་འདེད་བྱེད་དགོས་པའི་བླང་བྱ་བཏོན།   །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།