ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས11ཉིན།  མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་ནས། འབྲེལ་ཡོད་བྱ་བ་བཀོད་སྒྲིག་དང་ཁྱོན་ཡོངས་ནས་གྲ་སྒྲིག་བྱ་བ་མགོ་བརྩམས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་ཞི་གཞོན་པ་མཱ་ཅི་ཞའོ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

མཱ་ཅི་ཞའོ་ཡིས་བསྟན་དོན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས“དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ”འཛུགས་སྐྲུན་བྱེད་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་ལ། སྐབས་གསར་བའི་ཞིང་ཆེན་སྲིད་གྲོས་ཀྱིས་མགོ་རྩོམ་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་ལས་དོན་ཆེན་པོ་ཞིག་ཡིན། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོན་པོས། ཏང་གི་མགོ་ཁྲིད་དེ་གྲོས་ཚོགས་གྲ་སྒྲིག་རྩ་འཛུགས་ཀྱི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་སྦྲེལ་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར་གྲོས་ཚོགས་ཀྱི་ལས་འགན་སོ་སོ་ལེགས་འགྲུབ་བྱེད་དགོས། རྩ་འཛུགས་མགོ་ཁྲིད་ཤུགས་དྲག་ཏུ་གཏོང་བ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་མགོ་ཁྲིད་དང་། སྐབས་བརྗེའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་བྱེ་བྲག་གི་མཛུབ་སྟོན་འོག་སྤེལ་བ་རྒྱུན་འཁྱོངས་ཀྱིས། ཚད་གཞི་མཐོ་བ་དང་བླང་བྱ་ནན་མོས། སྔ་མོ་ནས་འཆར་འགོད་དང་། གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། ཏན་ཏིག་གིས་ཁྱོན་ཡོངས་སྤྱི་བསྡོམས་དང་། འདས་པའི་ལོ་ལྔའི་བྱ་བར་ཏན་ཏིག་གིས་སྤྱི་བསྡོམས་བྱས་ཏེ། སྤུས་ཚད་མཐོ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་འདོན་བྱ་བའི་སྙན་ཞུ་གྲུབ་པར་བྱེད་དགོས།ཚད་ལྡན་གོ་རིམ་གཟབ་ནན་དང་། ཞིང་ཆེན་ཏང་ཨུ་དང་།ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་གཅིག་གྱུར་བཀོད་སྒྲིག་དང་བླང་བྱ་ལྟར། ཁྲིམས་ལྟར་ལས་སྒྲུབ་དང་།ཁྲིམས་སྲོལ་ལྟར་ལས་སྒྲུབ་རྒྱུན་འཁྱོངས་བྱེད་དགོས། དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་བསྣོན་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་བྱས་རྗེས་འབུར་ཐོན་གྱི་སྲིད་གྲོས་ཨུ་ཡོན་དང་། བྱེད་ནུས་གལ་ཆེན་འདོན་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་དྲིལ་སྒྲོག་བཟང་བོ་བྱེད་དགོས། སྐབས་བརྗེའི་སྒྲིག་སྲོལ་གཟབ་ནན་དང་སྲིད་གཙང་གི་ཆབ་སྲིད་ཁོར་ཡུག་ལེགས་པོ་གསར་སྐྲུན་བྱེད་དགོས། རིམས་ནད་འགོག་སྡོམ་བྱ་བ་ལེགས་པོར་སྒྲུབ་ནས། རིམས་ནད་འགོག་སྡོམ་གྱི་བྱ་བ་གཟབ་ནན་སྒོས་སྒྲུབ་པ་དང་། རིམས་ནད་འགོག་སྡོམ་གྱི་བྱ་བ་སོ་སོ་དོན་འཁྱོལ་ཡོང་བར་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།