ཀྲུང་གོ་བོད་ཀྱི་དྲ་བ།

​མཚོ་སྔོན་གྱི་ས་ཁུལ་མང་ཆེ་བར་ཁ་བ་འབབ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། ལྷོ་ནུབ་རླུང་རྒྱུན་གྱི་ཤུགས་རྐྱེན་འོག ཟླ10པའི་ཚེས11ནས13ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ས་ཆ་མང་ཆེ་བར་ཆར་འབབ་པའམ་ཇེ་འཁྱགས་སུ་འགྲོ་བའི་གནམ་གཤིས་ཐོན་རྒྱུ་ཡིན་ལ། དེའི་ནང་ཡུས་ཧྲུའུ་དང་མགོ་ལོག མཚོ་བྱང་བྱང་རྒྱུད། མཚོ་ལྷོའི་ལྷོ་རྒྱུད་བཅས་ཀྱི་ཤང་གྲོང་ཁག་གཅིག་ཏུ་ཁ་བ་ཆེན་པོ་འབབ་རྒྱུ་དང་། ཁ་བའི་མཐུག་ཚད་ལ་ལི་སྨི1ནས8བར་ཟིན་རྒྱུ་རེད། ཚེས12ཉིན་ཟི་ལིང་དུ་ལོ་སྨད་ཀྱི་ཁ་བ་ཐོག་མར་འབབ་སྲིད།

གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར། ཐེངས་འདིའི་ཆར་པ་འབབ་པའི་དུས་མཚམས་ནི་ཟླ10པའི་ཚེས12ཉིན་གྱི་དགོང་མོ་དང་། ཚེས13ཉིན་གྱི་དགོང་མོ་རེད། ཚེས12ཉིན་ལ་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་མང་ཆེ་བའི་ཉིན་རེའི་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ4ནས6བར་མར་ལྷུང་རྒྱུ་དང་། ས་ཆ་ཁག་གཅིག་གི་ཉིན་རེའི་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ8མར་ལྷུང་རྒྱུ་རེད། ཟི་ལིང་གྲོང་ཁྱེར་གྱི་ཉིན་རེའི་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ7ཡས་མས་སུ་ལྷུང་རྒྱུ་རེད།

བྱེ་བྲག་གི་སྔོན་བརྡ་ནི། ཟླ10པའི་ཚེས12ཉིན། མཚོ་ནུབ་ནུབ་རྒྱུད་དུ་སྤྲིན་མང་བ་དང་། ས་ཁུལ་གཞན་དག་ཏུ་ཆར་ཆུང་ཆུང་ནས་འབྲིང་ཙམ(ཁ་བ)དང་ཡང་ན་ཁ་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་ནང་ཆེན་དང་རྫ་སྟོད། ཁྲི་འདུ། རྨ་སྟོད། དར་ལག་སོགས་སུ་ཁ་བ་ཆེན་པོ་འབབ་རྒྱུ་ཡིན་པ་དང་ཉིན་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི3ནས་ཧའོ་སྨི15ཡོད། ཚྭ་འདམ་གཤོངས་སར་རིམ་པ6ནས7གྱི་ནུབ་རླུང་གཡུག་རྒྱུ་རེད། ཟླ10པའི་ཚེས13ཉིན། མིན་ཡོན་དང་མཚོ་ཤར་ལྷོ་རྒྱུད། མཚོ་ལྷོའི་ལྷོ་རྒྱུད།  རྨ་ལྷོའི་ལྷོ་རྒྱུད། ཡུས་ཧྲུའུ། མགོ་ལོག གདང་ལ་བཅས་སུ་ཆར་ཆུང་ཆུང་ནས་འབྲིང་ཙམ(ཁ་བ) དང་ཡང་ན་ཁ་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་རྨ་ཆེན་དང་དགའ་བདེ། གཅིག་སྒྲིལ། དར་ལག ཡུས་ཧྲུའུ་གྲོང་ཁྱེར། རྫ་སྟོད། ཁྲི་འདུ། རྨ་ལྷོ་སོག་རྫོང་བཅས་ས་ཁུལ་ཁག་གཅིག་ཏུ་ཁ་བ་ཆེན་པོ་འབབ་རྒྱུ་དང་། ཉིན་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི1ནས་ཧའོ་སྨི12བར་ཡོད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་སྤྲིན་མང་རྒྱུ་རེད།

ཟླ10པའི་ཚེས14ཉིན། ཟི་ལིང་གི་ལྷོ་རྒྱུད་དང་། མཚོ་ཤར་ལྷོ་རྒྱུད། མཚོ་ལྷོའི་ས་ཁུལ་མང་ཆེ་བ། རྨ་ལྷོའི་ས་ཁུལ་མང་ཆེ་བ། མགོ་ལོག་གི་ས་ཁུལ་མང་ཆེ་བ། ཡུས་ཧྲུའུ་ཡི་ས་ཁུལ་མང་ཆེ་བར། ཆར་ཆུང་ཆུང(ཁ་བ)ནས་དྲག་ཆར(ཁ་བ)འབབ་རྒྱུ་རེད། རྩེ་ཁོག་དང་ཐུན་ཏེ་ལ་ཁ་བ་འབྲིང་ཙམ་ནས་ཁ་བ་ཆེན་པོ་འབབ་རྒྱུ་དང་། ཉིན་རེའི་ཆར་པ་འབབ་ཚད་ཧའོ་སྨི1ནས5བར་ཟིན་རྒྱུ་ཡིན་ཞིང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་སྤྲིན་མང་རྒྱུ་རེད།

གནམ་གཤིས་ཆེད་མཁས་པས། ཐེངས་འདིའི་ལྷོ་རྒྱུད་དུ་ཆར་པ་འབབ་ཡུན་རིང་བས། རིམ་རྩིས་བྱས་ན་ཁ་བ་ཅུང་མཐུག་པོ་འབབ་སྲིད་པ་དང་། ས་མཐོའི་ས་ཁུལ་དུ་ཁངས་གསོག་ཐེབས་པ་དང་བགྲོད་ལམ་དུ་དར་ཆགས་སྲིད། ས་གནས་ཁག་གི་འབྲེལ་ཡོད་སྡེ་ཚན་གྱིས་ཁ་བས་འགྲིམ་འགྲུལ་སྐྱེལ་འདྲེན་ལ་རྐྱེན་ངན་ཐེབས་པར་སྔོན་འགོག་བྱེད་དགོས་པའི་དྲན་སྐུལ་གནང་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།