ཀྲུང་གོ་བོད་ཀྱི་དྲ་བ།

རྨད་བྱུང་གི་ལོ་བཅུའི་མཚོ་སྔོན་ལ་ལྟ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཙང་གསུམ་ལྷུང་ལྷུང་འབབ་པའི་རྒྱུན་བཟང་གིས། ། དུས་རབས་ཡར་ཡར་འཕེལ་བའི་ཟུངས་ཁྲག་བསྩལ། ། དེ་རིང་གི་མཚོ་སྔོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མདུན་ལྗོངས་ཡངས་ཤིང་རྒྱ་ཆེ་བ་མངོན་ཡོད།

2021ལོའི་ཟླ6པའི་ཚེས9ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་རྒྱལ་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོང་གནས་བབ་ལེགས་སྒྱུར་བྱས་ཏེ། ལྗང་མདོག་ཐཱན་དམའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས་ཤིང་། དོན་དངོས་དང་བསྟུན་པ་དང་། དགེ་སྤེལ་སྐྱོན་སྤང་གིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་དགོས་པར་བསྟན། སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཟུང་ནས། དུས་ད་ལྟའི་བར་དུ། མཚོ་སྔོན་གྱིས་ཐོན་ལས“གནས་བཞི”འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བའི་ཕྱོགས་ནས། རང་ས་གནས་ཀྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་ཞུགས་ཡོད།

ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་ལ་ཚད་བརྒལ་གསར་བ་བྱུང་། “ཅཱ་དང་ནཱ། མའེ། ལིས། ལུའི”བཅས་ཀྱི་ཐོན་ལས་ཚོགས་སྤྱི་ཆེན་མོ་ལྔ་གཞི་རྩའི་ཆ་ནས་ལེགས་པར་བསྐྲུན་པ་དང་། དབྱང་འགྱུར་མའེ་རྣལ་མའི་ཤེལ་གཟུགས་རྒྱུ་ཆའི་ཐོན་སྐྱེད་ལག་རྩལ་གྱིས་རྒྱལ་ནང་གི་སྟོང་ཆ་བསྐངས་ཏེ།  མའེ་རྒྱུའི་གསར་བའི་གཏེར་འགྱུར་ས་རྒྱུ་ཞིག་གསོ་རྒྱུ་ཆ་བདེ་བླག་ངང་ཞིབ་འཇུག་གསར་སྤེལ་བྱས་ལ། རྒྱལ་ནང་གི་ཐོན་སྐྱེད་སྒྲུབ་རིམ་ཐོག་མ་བཙུགས་ནས། རྒྱལ་ཡོངས་ཀྱི་ལིས་གློག་གཡིས1/3མཚོ་སྔོན་ནས་ཐོན་པ་ཡིན།  ཅཱ་ལུད་སོགས་ཐོན་རྫས་ཀྱིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ཐོན་ཁུངས་བདེ་འཇགས་ཐད་བྱས་རྗེས་ཆེན་པོ་བཞག་ནས། ལིས་ལྡན་ཐཱན་སྐྱུར་ཐོན་ལས་བརྟན་བརླིང་ངང་འཕེལ་རྒྱས་བྱུང་། ཅཱ་ལུད་ནི་འབྲུ་རིགས་ཀྱི་འཚོ་བཅུད་ཡིན་ལ། མཚོ་སྔོན་གྱིས་ཐོན་སྐྱེད་བྱས་པའི་ཅཱ་ལུད་ཀྱིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་ཐད་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད།

ནུས་ཁུངས་གཙང་མའི་འཕེལ་རྒྱས་ལ་མཐོར་འདེགས་གསར་བ་བྱུང་། བསྐྱར་སྐྱེ་སྟོང་ཝ་ཁྲི་སྟོང་རིམ་པའི་བསྐྱར་སྐྱེ་ནུས་ཁུངས་རྟེན་གཞི་འཛུགས་སྐྲུན་བྱས་ཏེ། མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་འཕེལ་རྒྱས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་མདུན་ལྗོངས་ཡག་པོ་མངོན། ནུས་ཁུངས་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་གྱིས་ཞིང་ཆེན་ཡོངས་ཀྱི་གློག་ཤུགས་སྤྱིའི་སྒྲིག་སྦྱོར་གྱི91%ཟིན་པ་དང་། རྒྱལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་སྒྲིག་སྦྱོར་གྱི18%ཟིན། རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བསྟུད་མར་རྒྱུན་འཁྱོངས་བྱས། འཛམ་གླིང་སྟེང་ནུས་ཁུངས་གསར་བ་སྐྱེལ་འདྲེན་གཙོ་ཡིན་པའི་གློག་འདྲེན་བགྲོད་ལམ་ཆེན་མོ་འཛུགས་སྐྲུན་བྱས་ཏེ་འཁོར་སྐྱོད་བྱེད་མགོ་བརྩམས། བསྟུད་མར་ལོ6ལ་ཉིན7ནས་ཉིན35བར་གྱི་ནུས་ཁུངས་གཙང་མ་ཡོངས་ཀྱི་གློག་འདོན་བྱ་འགུལ་བདེ་བླག་ངང་སྤེལ་ཏེ། རྒྱུན་མཐུད་ངང་འཛམ་གླིང་གི་ཟིན་ཐོ་གསར་བ་བསྐྲུན།

སྐྱེ་ཁམས་ཡུལ་སྐོར་ལ་འཕེལ་རྒྱས་གསར་བ་བྱུང་། རྩེ་གྲ་ལམ་ཐིག200བཏོན་ཏེ། ལམ་ཐིག7རྒྱལ་ཡོངས་ཀྱི“རྨ་ཆུའི་ཡུལ་སྐོར་ཁུལ་ཆེན་པོ་བཅུ”རུ་བདམས་ཐོན་བྱུང་བ་དང་། ཆེས་མཛེས་པའི་མཚེའུ་དང་ཆེས་མཛེས་པའི་མེ་ཏོག་གི་ཞིང་ཁམས་ཡུལ་སྐོར་བྱེད་ས་གྲགས་ཅན་དུ་གྱུར་ཡོད། རི་མགོ་ཆུ་ཁུངས་ཀྱི་དག་ཞིང་དང་འཛམ་གླིང་གི་སྣེ་གསུམ་པ་བཅས་ཀྱི་ཟོང་རྟགས་སྣང་བརྙན་སྔར་ལས་མངོན་གསལ་ཡིན། བོད་རུམ་དང་ཐང་ཀ མཚོ་སྔོན་འཚེམ་དྲུབ་སོགས་མི་རིགས་སྲོལ་རྒྱུན་རིག་གནས་ཐོན་རྫས་རྒྱལ་ཁབ་ཕྱི་ནང་དུ་བཙོང་བ་དང་། བསྟུད་མར་ལོ21ལ་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་སྤེལ་ཏེ། ལོ་རེར་ཡུལ་སྐོར་བ་ཁྲི10ལྷག་མཚོ་སྔོན་དུ་ལྟ་སྐོར་ལ་ཡོང་ཡོད་པས། མཚོ་སྔོན་དེ་མི་ཚང་མས་ཡིད་སྨོན་བྱེད་སའི“སྙན་ངག་དང་རྒྱང་རིང”དུ་གྱུར་ཡོད།

ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་བཙུགས་ཏེ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་བསྒྱུར་བཅོས་བྱེད་ཚད་རྒྱུན་མཐུད་ངང་མཐོར་འདེགས་བྱུང་། ཡུངས་དཀར་རྒྱུད་འདྲེས་སོན་གསོ་ཆུ་ཚད་རྒྱལ་ནང་གི་མདུན་གྲལ་དུ་སླེབས་ཏེ། “མཚོ་སྔོན་རྒྱུད་འདྲེས”རིགས་ཀྱི་ཡུངས་དཀར་སྣ་ཁ16རྒྱལ་ཡོངས་ཀྱི80%ཡན་གྱི་དཔྱིད་ཀའི་ཡུངས་དཀར་ཐོན་ཁུལ་དུ་འདེབས་འཛུགས་བྱས་པ་དང་། ནས་དང་རྒྱ་སྲན་སོགས་ས་བོན་གྱི་བདམས་གསོ་རྒྱལ་ནང་གི་སྔོན་ཐོན་ལ་སླེབས་ཡོད། ལྗང་མདོག་ཟས་རིགས་དང་སྐྱེ་ལྡན་ཞིང་ལས་ཐོན་རྫས་དང་ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས925ལ་སླེབས་ཡོད།

རྨང་གཞི་སྒྲིག་ཆས་གལ་ཆེན་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ། དམངས་འཚོའི་དོན་དངོས་ལས་གཞི་ལག་བསྟར་ཟབ་མོ་བྱས་ཏེ། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བེད་སྤྱོད་ཆོག་པའི་ཡོང་སྒོ2012ལོ་དང་བསྡུར་ན126%འཕར། “ལྟེ་བ་གཉིས་དང་འཁོར་རྟེན་གཅིག་དང་མཐོ་ས་གཅིག”གི་གནས་སྟངས་གསར་བ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་ཏེ། ས་ཁོངས་འཕེལ་རྒྱས་མཐུན་སྦྱོར་རང་བཞིན་རིམ་བཞིན་ཇེ་ལེགས་སུ་གྱུར། “གློད་སྡོམ་ཞབས”གསུམ་དང་། རྒྱལ་ཁབ་ཐོན་ཁུངས་དང་རྒྱལ་ཁབ་ཁེ་ལས། ནོར་སྲིད་དངུལ་རྩ་སོགས་གཙོ་གནད་ཁྱབ་ཁོངས་དང་གནད་འགག་གོ་རིམ་གྱི་བཅོས་བསྒྱུར་བྱ་བར་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་སྟེ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་འཕེལ་རིམ་མངོན་གསལ་ཡིན་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་རོགས་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས།

བགྲོད་ལམ་རིང་མོར་བསྐྱོད་པའི་ལུས་སྟོབས་རྒྱས། ། འགན་འཁྲི་ལྗིད་མོ་འཁུར་བར་ཞུམ་པ་མེད། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡུན་རིང་ལ་རྒྱུན་འཁྱོངས་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་ལ། སྤུས་ཚད་འཕེལ་རྒྱས་དང་ཕན་འབྲས་སྔར་བས་ཇེ་ལེགས་སུ་བཏང་སྟེ། འཕེལ་རྒྱས་གྲུབ་འབྲས་ཀྱིས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་ཕན་ཁེ་བསྐྲུན་པ་དང་། ཕུལ་བྱུང་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།