ཀྲུང་གོ་བོད་ཀྱི་དྲ་བ།

【ཚོགས་ཆེན་ཉི་ཤུ་པའི་འཐུས་མི】 ཀྲང་ཅིན་མའེ་ཡིས་ལྗང་མདོག་དེ་མཐོ་སྒང་གི་རབ་མཛེས་གཞི་མདོག་ཏུ་བསྒྱུར།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “ཉེ་ཆར་གནམ་གཤིས་བཟང་ཞིང་དྲོད་ཁང་གི་དྲོད་ཚད་མཐོ་བས། ཆུ་ཚོད་འགའ་རེའི་འགོར་ཚེ་ངེས་པར་དུ་ཆུ་ཐེངས་རེ་བཏང་ནས་མྱུ་གུ་སྐྱེ་འཚར་ལ་མཁོ་བའི་རྒྱུན་གཏན་གྱི་ས་རྒྱུའི་བརླན་ཆར་ཁག་ཐེག་བྱེད་དགོས།”  ཞོགས་པ་སྔ་མོར། ས་བབ་སྨི2200ལྷག་ཡོད་པའི་མཐོ་སྒང་གི་དྲོད་ཁང་ནང་། ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནགས་ལས་ཚན་རིག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲང་ཅིན་མའེ་ཡིས་ཆུ་དེམ་བཟུང་ནས་ཤིང་སྡོང་ཧུའུ་དབྱང་གི་མྱུ་གུར་ཆུ་གཏོང་བཞིན་ཡོད། 

ཤིང་སྡོང་ཧུའུ་དབྱང་ནི་ཀྲང་ཅིན་མའེ་ཡི་མིག་སྔའི་རྒྱུད་སྤེལ་བྱེད་ཀྱིན་པའི་ཤིང་སོན་ཞིག་ཡིན་ལ། མི་ཚེ་ཕྱེད་ཀ་ནགས་ལས་ལ་བསྟུམ་པའི་ནགས་ལས་ཚན་རྩལ་ལས་དོན་པ་འདིས“མཐོ་སྒང་ལྗང་འགྱུར”གྱི་ཞིབ་འཇུག་གསར་ཤོས་ཤིག་ཀྱང་ཡིན། མཐོ་སྒང་དུ་རྩ་བ་བཙུགས་ནས་ལོ30ལྷག་སོང་རིང་། ཀྲང་ཅིན་མའེ་ཡིས་ནུས་ཤུགས་ཡོད་རྒུས་སྐྱེ་བར་འཚམ་པའི་ཤིང་རིགས་སྐྱེད་སྲིང་དང་གསོ་སྤེལ་ཁྱབ་བརྡལ་བཏང་ནས་མཐོ་སྒང་ལྗང་བསྒྱུར་ལ་བརྩོན་ཅིང་།  གུང་ཁྲན་ཏང་ཡོན་ཞིག་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཡོད། 

འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་པའི་མཚོ་སྔོན་ནི་རང་རྒྱལ་གྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཡིན། རང་བྱུང་ཁོར་ཡུག་ཞན་པའི་དབང་གིས་མཚོ་སྔོན་གྱི་མཐོ་སྒང་ས་ཁུལ་ཁག་ཅིག་ལ་ལོ་མང་པོར་སྔོ་ཁེབས་ཉུང་བས་ཤིང་འཛུགས་ནགས་གསོའི་དཀའ་ངལ་ཆེན་པོ་ཡོད། མཚོ་བོད་མཐོ་སྒང་གི་ས་གནས་ཤིང་རིགས་ཤིག་ཡིན་པའི་ཆ་ནས་ཐན་འགོག་གྲང་ཐེག་བྱེ་འགོག་བཅས་ཀྱི་ཁྱད་ཆོས་ལྡན་པའི་མཚོ་སྔོན་གྱི་སྦྱར་པ་དེ་མཐོ་སྒང་ལྗང་བསྒྱུར་གྱི་གདམ་ག་ཐོག་མར་གྱུར་མོད། འོན་ཀྱང་ཁྱབ་ཚུལ་ཐར་ཐོར་ཡིན་པ་དང། ནོར་ལུག་གིས་བཟའ་པ་སོགས་ཀྱི་རྐྱེན་གྱིས་སྟོངས་ལ་ཉེ་བའི་གནས་སུ་གྱར་ཡོད།

11.jpg

འདི་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནགས་ལས་ཚན་རིག་ཞིབ་འཇུག་སུའོ་ཡི་དྲོད་ཁང་ནང་དུ་ཀྲང་ཅིན་མའེ(དཀྱིལ)དང་ལས་རོགས་ཚོས་སོན་རིགས་ལ་བལྟ་བཞིན་པའི་ཚུལ་རེད། (ཟླ9པའི་ཚེས14ཉིན་གྱི་པར།)

2008ལོར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་འབའ་ལུང་ཤང་གི་སྦྱར་པ་ལུང་པར་ད་དུང་རང་བྱུང་གི་མཚོ་སྔོན་གྱི་སྦྱར་པ་ནགས་ཤིག་ཡོད་པ་ཤེས་རྗེས། ཀྲང་ཅིན་མའེ་དང་ལས་རོགས་ཚོ་འཕྲལ་མར་དེ་རུ་ཕྱིན། ཐར་ཐོར་དུ་སྐྱེས་བའི་མཚོ་སྔོན་གྱི་སྦྱར་པ་རྙེད་རྗེས། ཀྲང་ཅིན་མའེ་ཡིས་མྱུར་བ་མྱུར་དུ་མཚོན་རྟགས་བརྒྱབ་པ་དང་། ལྕུག་ཕྲནསྔོག་འདོན་དང་མེ་ཏོག་གི་གཞུང་རྐང་འཚོལ་བསྡུ་བྱེད་པ་བཅས་བྱས་ནས། མཚན་མོ་དེར་ལྕུག་ཕྲན་ཟི་ལིང་དུ་འཁྱེར་ཡོང་བ་ཡིན།

ལྕུག་ཕྲན་འཚོལ་བསྡུ་བྱེད་པ་ནི་རིམ་པ་དང་པོ་ཡིན། རྗེས་མཐུད་དུ་ཐེངས3གྱི་མཚན་མེད་གསོ་སྤེལ་སོན་འཛུགས་བྱས་ནས་སོན་མྱུག་ལེགས་ཤོས་བདམས་པ་དང་། དེ་ནས་ས་ཁོངས་མི་འདྲ་བར་འདེབས་འཛུགས་བྱས་ཏེ་དཔྱད་བསྡུར་བྱེད་པ་དང་མེ་ཏོག་བཞད་རྗེས་ད་གཟོད་སོན་བཟང་བདམས་ཐུབ། “ཡོངས་རྫོགས་བདེ་ལེགས་ཡོང་བར་མ་མཐའ་ཡང་ལོ8འགོར་དགོས་ལ། མེ་ཏོག་གི་རྡུལ་འདྲེས་སྡེབ་ཀྱི་མཚན་ཡོད་གསོ་སྤེལ་བྱེད་པར་ཡང་བསྐྱར་མ་མཐའ་ཡང་ལོ5ལ་སྒུག་དགོས” ཞེས་ཀྲང་ཅིན་མའེ་ཡིས་བཤད། 

ལོ་བཅུ་ལྷག་རིང་གི་གསོ་སྤེལ་དང་དཔྱད་བསྡུར་བྱས་པ་བརྒྱུད། ཀྲང་ཅིན་མའེ་ཡིས་གཞི་ནས“སྡོང་པོ་གཞུང་རྐང་དྲང་ཞིང་སྐྱེ་འཚར་ཆེ་བའི”མཚོ་སྔོན་གྱི་སྦྱར་པའི་སོན་བཟང་བདམས་པ་དང། “ལྗོན་ཤིང་ཆེན་པོས་སྙེ་མ་བསྡུ་བ་དང་། རྐྱང་པར་ལེན་ཞིང་རྐྱང་པར་གསོ་བ། མྱུ་གུ་མེད་པར་སོན་འཛུགས་བྱེད་པ། ལོ་དང་པོར་ཐོག་མར་འདེམས་པ་དང་ལོ་རྗེས་མར་བསྐྱར་འདེམས་བྱེད་པ”བཅས་ཀྱི་འདེམས་གསོ་བྱེད་སྟངས་འཚོལ་ཞིབ་བྱས་ནས་སྦྱར་པའི་སོན་གསོའི་དུས་ཡུན་ལོ3ནས་ལོ5བར་ཇེ་ཐུང་དུ་བཏང་།

དེ་རྗེས། ཀྲང་ཅིན་མའེ་ཡིས་ཚོགས་པའི་སྣེ་ཁྲིད་དེ་སྔ་རྗེས་སུ་སྦྱར་སྡོང་གི་སོན་བཟང་གསོ་སྤེལ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྔོ་འགྱུར་གྱི་སྡོང་ཕྲུག་འདེབས་གསོ་དང་མེ་ཏོག་འདེབས་གསོ་སོགས་གཞི་ཁྱོན་ཆེ་བའི་མྱུག་གསོའི་དཔེ་སྟོན་རྟེན་གཞི3བཙུགས་པ་རེད། ལྗང་གསོའི་ཐོན་སྐྱེད་ཀྱི་སྤྱིའི་གཞི་ཁྱོན་སྤྱི་ཆིང57.3ཟིན་པ་དང་། མེ་ཏོག་གི་སྡོང་ཕྲུག་སྣ་ཁ30ལྷག་འདེབས་གསོ་བྱས་ནས་ལོ་རེར་མེ་ཏོག་སྣ་ཚོགས་ཀྱི་སྡོང་ཕྲུག་ཁྲི50ལྷག་དང་སྦྱར་སྡོང་ཁྲི100ལྷག་ཐོན་སྐྱེད་བྱེད་ཀྱིན་ཡོད། 

22.jpg

འདི་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནགས་ལས་ཚན་རིག་ཞིབ་འཇུག་སུའོ་ཡི་གསོ་སྤེལ་ལྟེ་གནས་སུ་ཀྲང་ཅིན་མའེ་ཡིས་ལི་ཤིའི་མེ་ཏོག་སྐྱེས་པའི་གནས་ཚུལ་ལ་བལྟ་བཞིན་པའི་ཚུལ་རེད། (ཟླ9པའི་ཚེས14ཉིན་གྱི་པར།)

མིག་སྔར། རྟེན་གཞི་དེར་འདེབས་གསོ་བྱས་པའི་མཚོ་སྔོན་གྱི་སྦྱར་སྡོང་དང་། ཆིང་དབྱང་གཞུང་སྡོང་གི་སོན་བཟང་ཚྭ་འདམ་གཤོངས་དང་བོད་ལྗོངས་མངའ་རིས་སོགས་སུ་ཁྱབ་གདལ་འདེབས་འཛུགས་བྱས་ནས། རླུང་འགོག་བྱེ་འཇགས་དང་མཐོ་སྒང་མཛེས་བཟོ་བྱེད་པའི“ལྗང་མདོག་ལྕགས་རི་རིང་པོ”ཞིག་བསྐྲུན་ཡོད།

“རྒྱལ་ཁབ་ཀྱིས་སོན་རྒྱུའི་ཐོན་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་བླང་བྱ་བཏོན་པ་དེར་ང་ཚོར་བསླབ་བྱ་དང་མྱོང་ཚོར་དངོས་ཡོད།”  ཕྱི་ཡོང་ཤིང་རིགས་མཐོ་སྒང་དུ་མི་འཕྲོད་པར་བརྟེན། ཀྲང་ཅིན་མའེ་ཡིས་མཚོ་བོད་མཐོ་སྒང་གི་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ལ་ཤུགས་སྣོན་བྱེད་པའི་གལ་ཆེའི་རང་བཞིན་གསལ་བོར་རྟོགས། 

“མཚོ་སྔོན་དུ་གྲང་ངར་དང་ཐན་པ་ཆེ་ཡང་། ལི་ཤིའི་ས་བོན་མང་པོ་མཐོ་སྒང་དུ་སྐྱེ་འཚར་དང་རྒྱུད་སྤེལ་ཐུབ་ཀྱིན་ཡོད། དེར་བརྟེན་ལི་ཤི་ཡི་སོན་རྒྱུའི་ཐོན་ཁུངས་མཛོད་བསྐྲུན་ནས་ལི་ཤི་ཡི་སོན་རྒྱུད་འདེམས་གསོ་དང་སྲུང་སྐྱོབ་བྱ་རྒྱུ་དེ་མཚོ་སྔོན་གྱི་གནམ་གཤིས་དང་འཚམ་པའི་འཚམ་སྐྱེས་སོན་རྒྱུད་མང་དུ་གཏོང་བར་གལ་འགངས་ཤིན་ཏུ་ཆེ”ཞེས་ཀྲང་ཅིན་མའེ་ཡིས་བཤད།

33.jpg

འདི་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནགས་ལས་ཚན་རིག་ཞིབ་འཇུག་སུའོ་ཡི་གསོ་སྤེལ་ལྟེ་གནས་སུ་ཀྲང་ཅིན་མའེ་དང་ལས་རོགས་ཚོས་ལི་ཤིའི་མེ་ཏོག་རྐང་གཉིས་ཀྱི་ཁྱད་པར་ལ་བལྟ་བཞིན་པའི་ཚུལ་རེད། (ཟླ9པའི་ཚེས14ཉིན་གྱི་པར།)

ལི་ཤི་མེ་ཏོག་བཞད་པའི་དུས་ཚིགས་ལ་སླེབས་ཚེ། ཀྲང་ཅིན་མའེ་ཡིས་ཚོགས་པ་ཁྲིད་དེ་རི་སྐྱེས་ལི་ཤི་རྩ་ཆེན་གྱི་དངོས་དཔེ་འཚོལ་གྱིན་ཡོད། 2015ལོར། ཀན་སུའུ་ལེན་ཁྲིན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྡོ་སྲིབ་ཅིག་ཏུ། ཀྲང་ཅིན་མའེ་དང་ལས་རོགས་ཚོས་རྒྱལ་ཁབ་ཀྱི་སྟོངས་ཉེར་ཡོད་པའི་སྲུང་སྐྱོང་རྩི་ཤིང་གི་གྲས་སུ་ཚུད་པའི་འདབ་ལོའི་ལི་ཤི་གསར་རྙེད་བྱུང་། ལག་ཟུང་གིས་མཐུག་ཅིང་འཁྲེགས་པའི་བྲག་རྡོ་དག་བཀོག་རྗེས། ཀྲང་ཅིན་མའེ་ཡིས་རྡོས་མནན་ནས་བཀུག་པའི་སྡོང་པོ་ཞིག་གི་ཐོག་ནས་ལྕུག་ཕྲན་ཞིག་བཅད་དེ། འཚོལ་བསྡུ་བྱས་པའི་ས་བོན་གཞན་དག་དང་མཉམ་དུ་གཟབ་ནན་ངང་སུའོ་རུ་འཁྱེར་ཡོང་བ་རེད། 

ལོ་མང་རིང་ཚན་ཞིབ་འགག་སྒྲོལ་བྱས་པ་བརྒྱུད། ད་ལྟ་ཟི་ལིང་ནགས་ལས་ཚན་རིག་ཁང་གི་སྐྱེད་སྲིང་རྟེན་གཞིའི་ནང་། སྤོས་འཛུགས་བྱས་པའི་འདབ་ལོའི་ལི་ཤི་དག་མི་ཞིག་གི་གཟུགས་ཚད་ལ་སླེབས་ཡོད། ཀྲང་ཅིན་མའེ་ཡིས“མིག་སྔར་ཟི་ལིང་ནགས་ལས་ཚན་རིག་ཁང་གིས་རྒྱལ་ཡོངས་ཀྱི་ལི་ཤི་རྒྱལ་ཁབ་ནགས་ཤིང་སོན་རྒྱུའི་ཐོན་ཁུངས་མཛོད་གཅིག་པུ་དེ་བསྐྲུན་ཡོད་ལ། ལི་ཤི་རིགས103ཉར་ཚགས་བྱས་ཡོད་པའི་ནང་རིགས69གསོ་སྤེལ་བྱེད་ཐུབ་ཀྱིན་ཡོད”ཅེས་ངོ་སྤྲོད་བྱས།

ཉེ་བའི་ལོ་འགའི་རིང་། ཀྲང་ཅིན་མའེ་ཡི་ཉེ་འགྲམ་གྱི་ལོ་ན་མཉམ་པའི་ལས་རོགས་མི་ཉུང་བ་ཞིག་གཅིག་རྗེས་གཉིས་མཐུད་ངང་ལས་འཁྱུར་ངལ་གསོ་བྱས་ཡོད།  “རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ”དང “མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”།“རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལེན་མཁན་གྱི་ཆེད་མཁས་པ”སོགས་མཚན་སྙན་མང་པོ་ཐོབ་པའི་ཁོ་མོས་སྔར་བཞིན་དཔྱིད་ཁར་སྡོང་ཕྲུག་འདེབས་པ་དང་། དབྱར་ཁར་ཚོད་ལྟ་བྱེད་པ། སྟོན་ཁར་གྲངས་གཞི་ཚད་ལེན་བྱེད་པ། དགུན་དུས་འཆར་འགོད་བཟོ་བ་བཅས་བྱས་ནས་ན་གཞོན་ཚོའི་སྣེ་ཁྲིད་དེ་སོན་བདམས་མྱུག་གསོ་བྱེད་ཀྱིན་ཡོད། “ཤིང་སྡོང་དང་འགྲོགས་རྒྱུ་དེའང་འཆར་ཡན་ཞིག་རེད།”ཅེས་ཁོ་མོས་བཤད། 

44.jpg

འདི་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནགས་ལས་ཚན་རིག་ཞིབ་འཇུག་སུའོ་རུ་ཀྲང་ཅིན་མའེ་ཡིས་སྐྱེ་དངོས་ཚད་ལེན་བྱེད་ཀྱིན་པའི་ཚུལ་རེད། (ཟླ9པའི་ཚེས14ཉིན་གྱི་པར།)

“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིར་བདམས་པས་ངའི་སེམས་པ་ཧ་ཅང་དགའ་པོ་བྱུང་ཡོད་ལ། འགན་འཁྲི་ཧ་ཅང་ལྕི་བའི་ཚོར་སྣང་ཡང་བྱུང་ཡོད།” ཏང་ནང་དུ་ཞུགས་ནས་ལོ26སོང་བའི་ཀྲང་ཅིན་མའེ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་སྐབས་ཁོ་མོས་སོན་རྒྱུའི་ཐོན་ཁུངས་མཛོད་འཛུགས་སྐྲུན་ཐད་ཀྱི་སྲིད་ཇུས་གསར་པར་མུ་མཐུད་དུ་དོ་ཁུར་བྱ་རྒྱུ་ཡིན་ཞེས་བཤད། “རྗེས་མར་ང་ཚོས་མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་སྐྱེ་དངོས་ཐོན་ཁུངས་གང་ལེགས་ངང་སྤྱད་དེ། ཐོན་ཁུངས་བརྟག་དཔྱད་དང་སོན་སྣ་འཚོལ་བསྡུ། འཚམ་སྐྱེས་སོན་རིགས་ཞིབ་བདམས།  གསོ་སྤེལ་ལག་རྩལ་ཁྱབ་གདལ་སོགས་ཀྱི་ལས་དོན་སྤེལ་ནས། ལྗང་མདོག་དེ་མཐོ་སྒང་གི་ཆེས་མཛེས་པའི་གཞི་མདོག་ཏུ་བསྒྱུར་དགོས”ཞེས་བཤད། ། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།