ཀྲུང་གོ་བོད་ཀྱི་དྲ་བ།

སེམས་པ་སེམས་པར་གཏད་ནས་མཐུན་པའི་ཨ་ལོང་གཅིག་ཏུ་སྦྲེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

bd4cabd9-c736-4bb1-9b92-d4d331a7c0c0.jpg

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་ཡར་སྔོན་དཔེ་སྟོན་རྫོང་སྟེ་འབྲི་སྟོད་རྫོང་དུ། ཤང་གྲོང་ཁག་གི་འཐུས་མི་སོ་སོ་མི་རིགས་འཐུན་སྒྲིལ་དྲིལ་སྒྲོག་གཟའ་འཁོར་ནང་ཞུགས་པ།

f3301d4d-1358-49b3-accd-8b6eaf160434.jpg

མི་རིགས་མཐུན་སྒྲིལ་གྱི་ས་བོན་མཐོ་སྒང་གི་བྱིས་པ་རྣམས་ཀྱི་སེམས་སུ་བཏབ་ཡོད།

d76d79b6-ade8-44d4-baa7-d7e8a3bf5e10.jpg

ཤང་སྡེའི་ནུས་རྩལ་གསོ་སྦྱོང་།

5df1c06f-0f75-4545-b05b-98c1a555f45d.jpg

མཉམ་ལས་ཁང་ནས་ཐོན་པའི་ཆང་བ་ལིའི་ཁུ་བའི་འཐུང་རྫས་དེ་ནང་ལོགས་སུ་བྲིན་པས་སྡེ་མིའི་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་དུས་ཚིགས་བཞི་ལ་དེ་བསྟུན་གྱི་མཛེས་པ་སྣ་ཚོགས་རེ་ཡོད། རྒྱལ་སྟོན་སྔ་གཞུག་གི་སྟོན་དུས་འདིར། དེ་ལས་ངོ་མཚར་བའི་མཛེས་སྡུག་ཅིག་མངོན་ཡོད།

འབྲོག་ཁུལ་གྱི་རྩྭ་ཐང་ལ་ཁ་བས་གཡོགས་པ་དང་། ཞིང་སྡེའི་རི་ཐང་ལ་ཁ་དོག་རྣམ་པར་བཀྲ་ཞིང་། གྲོང་ཁྱེར་གྱི་གཞིས་ཁུལ་དུ་གསེར་མདོག་གི་ལོ་མས་ཁེངས་པ་སོགས་ཕུན་སུམ་ཚོགས་པའི་ཚོན་མདོག་སྣ་ཚོགས་ཀྱིས་མཛེས་ཤིང་ཡིད་དུ་འོང་བའི་རི་མོ་ཞིག་གྲུབ་ཡོད་ལ། དེ་ནི་ས་གཞིའི་འདིའི་སྟེང་གི་མི་རིགས་སོ་སོས་ཕན་ཚུན་བརྗེ་རེས་མཉམ་འདྲེས་དང་ལྟ་སྐྱོང་རོགས་རེས་བྱེད་པ་ཇི་བཞིན། ཐུན་མོང་ངང་མཐུན་སྒྲིལ་ཡར་ཐོན་དང་ཡར་རྒྱས་གོང་འཕེལ་གྱི་ལེའུ་ཤིག་བརྩམས་ཡོད།

རྒྱལ་སྟོན་གུང་གསེང་སྐབས་སུ། གསར་འགོད་པ་གྲོང་ཁྱེར་དང་ཞིང་སྡེ། འབྲོག་ཁུལ་བཅས་སུ་བསྐྱོད་དེ། མཚོ་སྔོན་མཐོ་སྒང་གི་རིགས་སོ་སོའི་མི་དམངས་ཀྱིས་ཕན་ཚུན་ལ་སྤུན་ཟླའི་བརྩེ་བ་བཅངས་ནས་དཔུང་གཤིབ་མཉམ་སྐྲུན་དང་། ཐུན་མོང་ངང་བདེ་སྐྱིད་དང་མཛེས་སྡུག་གི་ཁྱིམ་གཞིས་བསྐྲུན་ཏེ། འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་གྱི་རྣམ་པས་ཏང་གི་ཚོགས་ཆེན་ཉི་ཤུ་བ་བསུ་བའི་གསོན་ཉམས་ལྡན་ཞིང་ཡིད་སེམས་འགུལ་བའི་ལག་ལེན་དང་གཏམ་རྒྱུད་རེ་རེ་སྨྱུ་གུ་དང་པར་མིག་ལས་མངོན་པར་མཚོན་ཡོད། 

རྫོགས་ལྡན་གྱི་དུས་ཚིགས་འདིར། ང་ཚོས་ལང་ཚོའི་མཛེས་པ་ངོམ་བཞིན། མཉམ་དུ་མཛེས་སྡུག་གི་དུས་སྐབས་ཤིག་བསུ་ཆོག །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།