ཀྲུང་གོ་བོད་ཀྱི་དྲ་བ།

ལྗང་མདོག་སྐྱེ་ཁམས་འཕེལ་རྒྱས་ལག་བསྟར་པ་ཀྲང་ཅིན་མའེ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.gif

ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའམ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནགས་ལས་ཚན་རིག་ཞིབ་འཇུག་སའོ་ཡི་སའོ་ཀྲང་ཀྲང་ཅིན་མའེ་ཡིས་ནགས་ལས་ཀྱི་ལས་ཀ་གཉེར་ནས་མི་ཚེ་ཕྱེད་ཀ་ཡན་འགོར་ཡོད།

2.gif

ལོ་རེའི་ལི་ཤིའི་མེ་ཏོག་བཞད་པའི་དུས་ཚིགས་སུ། ཀྲང་ཅིན་མའེ་ཡིས་རུ་ཁག་ཁྲིད་དེ་ལི་ཤི་མེ་ཏོག་གི་མ་དཔེ་འཚོལ་སྡུད་བྱེེད་བཞིན་ཡོད།

3.gif

མིག་སྔར། ཟི་ལིང་ནགས་ལས་ཚན་རིག་ཞིབ་འཇུག་སའོ་ཡིས་རྒྱལ་ཡོངས་ཀྱི་ལི་ཤི་ནགས་ཤིང་རིགས་སྣ་ཐོན་ཁུངས་མཛོད་གཅིག་པུ་འཛུགས་སྐྲུན་བྱས་ཡོད་པ་དང་། མིག་སྔར་ལི་ཤི་རིགས103ཉར་ཚགས་བྱས་ཤིང་དེའི་ནང་གསོ་སྤེལ་བྱས་ཆོག་པའི་རིགས69ཡོད།

4.gif

ཏང་ནང་ཞུགས་ནས་ལོ26འགོར་བའི་ཀྲང་ཅིན་མའེ་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་ནས། ཁོ་མོས་མུ་མཐུད་དུ་རིགས་སྣ་ཐོན་ཁུངས་མཛོད་འཛུགས་སྐྲུན་ཕྱོགས་ཀྱི་སྲིད་ཇུས་གསར་བར་དོ་སྣང་བྱ་རྒྱུ་ཡིན་ཟེར།

མཐོ་སྒང་དུ་གཞི་བཙུགས་ནས་ལོ་ངོ30རིང་། ཀྲང་ཅིན་མའེ་ཡིས་བློ་སེམས་རྩེ་གཅིག་གིས་སྐྱེ་འཚར་ལ་འཚམ་པའི་ཤིང་རིགས་གསོ་སྐྱོང་བྱེད་པར་ཞིབ་འཇུག་བྱས་ཏེ། མཐོ་སྒང་དུ་སྔོ་ལྗང་ཁྱབ་གདལ་དུ་བཏང་བ་མ་ཟད་གུང་ཁྲན་ཏང་ཡོན་ཞིག་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་དོན་འཁྱོལ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།