ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས“སྐྱེ་ཁམས་དམིགས་བསལ་དུ་བཟུང”ནས་ལྗང་མདོག་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྫོགས་ལྡན་གྱི་སྟོན་དུས་འདིར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྫ་ཆུའི་མགོ་ཁུངས་ཁུལ་གནམ་སྲས་གྲོག་རོང་ཆེན་མོ་རུ། རི་ཀླུང་ཀུན་ལ་ཚོན་གྱིས་བྱུག་པ་ལྟར་མཛེས་ཤིང་། དྭངས་གཙང་གི་རྫ་ཆུ་ནི་ཀྱག་ཀྱོག་དུ་བཞུར་བཞིན་ཡོད་ལ། སྐབས་རེར་དགོ་བ་དང་ཤྭ་བ་སོགས་ནགས་ཁྲོད་དུ་རྒྱུ་བ་མཐོང་ཐུབ་པས། གང་སར་གསོན་ཤུགས་དང་སྐྱེ་སྟོབས་ཀྱིས་ཁེངས་ཡོད།

3.jpg

4.jpg

མཚོ་སྔོན་གཙང་གསུམ་འབྱུང་ཡུལ་ས་ཁུལ་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་མགོ་ཁུངས་ཡིན་ལ། ཀྲུང་ཧྭའི་ཆུ་མཛོད་ཅེས་པའི་མཚན་སྙན་ཡོད། ལོ་ངོ་མང་པོའི་རིང་བཅོས་སྐྱོང་བྱས་པ་བརྒྱུད་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བཞིན་ཡོད།

5.jpg

6.jpg

“སྐྱེ་ཁམས་དམིགས་བསལ་དུ་འཛིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་གྱིས་མུ་མཐུད་དུ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཧུར་ཐག་གིས་ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་འཕེལ་རྒྱས་དཔལ་འབྱོར་མ་ལག་འཛུགས་སྐྲུན་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ། རྒྱལ་ཁབ་དྭག་གཙང་ནུས་ཁུངས་ཐོན་ལས་རྟེན་གཞི་དང་རྒྱལ་སྤྱི་སྐྱེ་ཁམས་ཡུལ་སྐོར་བྱེད་ས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བཅས་གསར་འཛུགས་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།