ཀྲུང་གོ་བོད་ཀྱི་དྲ་བ།

ན་གོར་མོ་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་སྐྱེ་ཁམས་གནས་སྤོར་ཡུལ་མིའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐྱེ་ཁམས་གནས་སྤོར་ཡུལ་མི་བརྟན་པོར་གནས་ཐུབ་པ་དང་། ལས་ཞུགས་བྱེད་ཐུབ་པ། ཕྱུག་པོར་འགྱུར་ཐུབ་པ་བཅས་ལ་འགན་ལེན་བྱ་ཆེད། ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་གནས་སྤོར་ཡུལ་མིའི་ལས་ཞུགས་ལས་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། ལས་ཞུགས་བརྟན་པོ་ཡོང་བར་རོགས་སྐྱོར་བྱ་རྒྱུའི་ལས་འགན་ཨང་དང་པོར་བརྩིས་ནས། སྲིད་ཇུས་ལ་ཤུགས་བསྣན་ཏེ་ལས་ཞུགས་མཛུབ་ཁྲིད་དང་། རྩལ་ནུས་གསོ་སྦྱོང་། ལས་གནས་སྦྲེལ་མཐུད། ལས་གཏོད་རོགས་སྐྱོར་སོགས་ཀྱི་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་གནས་སྤོར་ཡུལ་མིའི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱས་ནས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་སྐྱེ་ཁམས་གནས་སྤོར་མང་ཚོགས་ལ་ལག་རྩལ་མི་འདང་བ་དང་། ལས་ཞུགས་དཀའ་བ་སོགས་ཀྱི་གནད་དོན་ནུས་ལྡན་ངང་ཐག་གཅོད་བྱས། 

རྒྱུས་ལོན་པ་ལྟར་ན། ན་གོར་མོ་གྲོང་ཁྱེར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ནས། གསོ་སྦྱོང་དང་ལས་ཞུགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་བྱས་ནས། མི213ལ་ལས་ཞུགས་རོགས་སྐྱོར་དང་གསོ་སྦྱོང་བྱས། དེ་དང་ཆབས་ཅིག་སྡེ་ཁུལ་དུ་སྐྱེ་ཁམས་གནས་སྤོར་ལས་ཞུགས་ཆེད་དོན་གདན་ཞུའི་ཚོགས་འདུ་འཚོགས་ནས། ཁེ་ལས7གྱིས"ལས་གནས་ཁྱིམ་ཚང་དུ་སྐྱེལ་བ་དང་ཁྱིམ་ཚང་དུ་ཁ་རྒྱུགས་ལེན་པ"བཅས་བྱས་ནས། སྔ་རྗེས་སུ་ལས་གནས162མཁོ་འདོན་བྱས། ན་གོར་མོ་གྲོང་ཁྱེར་གྱིས་ད་དུང་ཞིང་ཆེན་དང་ཁུལ་གྱི་གཙོ་གཉེར་སྡེ་ཁག་ལ་སྤྱི་ཕན་རང་བཞིན་གྱི་ལས་གནས20རེ་ཞུ་བྱས་པ་དང་། མི20ལ་གསོ་སྦྱོང་བྱས་ནས་ལས་ཀ་བཀོད་སྒྲིག་བྱས་པ་རེད། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།