ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་གནའ་བོའི་བང་སོ་བསྔོགས་བཅོམ་བྱས་པའི་གྱོད་གཞི་ཞིག་རྩད་ཆོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

WechatIMG2740.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས10ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཁོངས་སུ་གནའ་བོའི་བང་སོ་བསྔོགས་བཅོམ་བྱས་པའི་གྱོད་གཞི་ཞིག་བྱུང་བ་དང་། གནའ་བོའི་བང་སོ་དེ་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཁག་ཡིན། གྱོད་གཞི་བྱུང་རྗེས། འབྲི་སྟོད་རྫོང་སྤྱི་བདེ་ཅུའུ་ཡིས་ཞིང་ཆེན་དང་ཁུལ་རིམ་པ་གཉིས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་མཛུབ་ཁྲིད་འོག  མྱུར་ཏུ་རྐང་འཛིན་ཉེན་རྟོག་པ་རྩ་འཛུགས་བྱས་ཏེ་ཆེད་དོན་ཚོགས་ཆུང་བཙུགས་པ་དང་གྱོད་གཞིར་མྱུལ་ཞིབ་བྱས།

གྱོད་གཞིའི་གནས་ཚུལ་ཚབས་ཆེན་ཡིན་པར་བརྟེན། ཆེད་དོན་ཚོགས་ཆུང་གི་ཁོངས་མིས་སྐར་ཆ་གཅིག་ཙམ་ཡང་ལྷོད་གཡེང་མེད་པར་ས་གནས་དེར་སོང་ནས། ནུས་ཤུགས་ཡོད་རྒུས་ཡུལ་དངོས་སུ་རྩད་ཞིབ་དང་། མཐིལ་རྟོགས་བཅར་འདྲི་སོགས་ཀྱི་ལས་དོན་སྤེལ་ཞིང་། བསྟུད་མར་ཉིན་མཚན་མང་པོར་འབད་པ་བྱས་པ་བརྒྱུད། ཆེད་དོན་ཚོགས་ཆུང་གིས་དོགས་ཡོད་ཉེས་ཅན་གཏན་འཁེལ་བྱས་པ་མ་ཟད། ཟླ9པའི་ཚེས18ཉིན་དང་ཚེས21ཉིན་སྔ་གཞུག་ཏུ་དོགས་ཡོད་ཉེས་ཅན4འཛིན་བཟུང་བྱས་པ་དང་། དོགས་ཅན་ཉེས་ཅན་གཞན2ཀྱིས་རང་ཉེས་ངོས་ལེན་བྱས་པས། བང་སོ་བསྔོགས་བཅོམ་བྱས་པའི་རིག་དངོས100ལྷག་རྩད་ཆོད་ཐུབ་པར་བྱུང་། མིག་སྔར། དོགས་ཡོད་ཉེས་ཅན6ཚང་མར་ཉེས་དོན་བཙན་ཐབས་སྤྱད་པ་དང་གྱོད་གཞི་ད་ལྟ་སྒྲུབ་བཞིན་པའི་སྒང་ཡིན། 

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ལས་དོན་ཚན་སུམ་བརྒྱ་དང་ཉེར་དྲུག་པ་ལྟར་ན། ཁེ་སྤོགས་ལེན་རྒྱུ་དམིགས་ཡུལ་དུ་བཟུང་སྟེ་རྒྱལ་ཁབ་ཀྱིས་ཚོང་གཉེར་བཀག་སྡོམ་བྱས་པའི་རིག་དངོས་ལོག་ཚོང་བརྒྱབ་ནས་ནག་ཉེས་ཚབས་ཆེན་བཟོས་པར་ལོ་ལྔ་མན་གྱི་དུས་བཙོན་དང་ཡང་ན་བཙན་ཉར་བྱེད་པ་མ་ཟད། སྒོར་ཆད་གཅོད་པ་དང་། ནག་ཉེས་བཟོས་པ་ཚབས་ཆེན་ཡིན་པར། ལོ་ལྔ་ཡན་དང་ལོ་བཅུ་མན་གྱི་དུས་བཙོན་བྱེད་རྒྱུ་ཡིན་པ་མ་ཟད། སྒོར་ཆད་གཅོད་དགོས་ཞེས་གཏན་ཁེལ་བྱས་ཡོད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།