ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་སྡོམ་ལྟེ་གནས་ཀྱི་གསལ་འདེབས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཆ་འཕྲིན་གསར་བ་ལྟར། རིམས་ནད་མཆེད་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་སྡོམ་ཚོད་འཛིན་ལྟེ་གནས་ཀྱིས་དྲན་སྐུལ་བྱས་པ་གཤམ་གསལ་ལྟར། 

གཅིག   ཉེ་ལམ། ཀུའེ་ཀྲོའུ་ཞིང་ཆེན་ཀོས་དབྱང་གྲོང་ཁྱེར་དང་པུའེ་ཅེ་གྲོང་ཁྱེར། ཧེ་ལུང་ཅང་ཞིང་ཆེན་ཅ་མུའུ་སུའུ་གྲོང་ཁྱེར་དང་ཧེ་ཧི་གྲོང་ཁྱེར་བཅས་ནས་རིམས་ནད་མང་པོ་ཐོན་འདུག་པས། དོ་སྣང་ཆེན་པོ་བྱེད་དགོས། 

གཉིས། རང་ས་ནས་དུས་ཆེན་ལ་རོལ་བ་དང་།  ཉེན་ཁ་ཆེ་འབྲིང་ཁུལ་དུ་མི་བསྐྱོད་པ་དང་། ཉིན་བདུན་ནང་ས་གནས་དེ་གའི་རིམས་ནད་ཐོན་སའི་རྫོང(གྲོང་ཁྱེར་དང་ཆུས། ཆི)སོགས་ལ་ཡུལ་སྐོར་དུ་མི་འགྲོ་བ་མཐའ་འཁྱོངས་བྱེད་དགོས། ཉེ་དུས་ཕྱི་ལ་འགྲོ་བའི་འཆར་གཞི་ཡོད་ན། ཕྱིར་མ་སྐྱོད་པའི་ཡར་སྔོན་དུ་ས་གནས་དེ་གའི་སྡེ་ཁུལ (སྡེ་བ) ལམ་ཡང་ན་ལས་ཁུངས་ལ་ཕྱིར་སྐྱོད་སྐབས་ཀྱི་ཐོ་འགོད་སྙན་ཞུ་ཕུལ་དགོས་པ་དང་། ཉིང་སྐྱུར་བརྟག་དཔྱད་ཚད་ལེན་གྱི་དཔང་ཡིག་ཡོད་དགོས་པ་མ་ཟད། འགྲོ་སའི་གནས་ཀྱི་རིམས་ནད་ཀྱི་ཉེན་ཁའི་རིམ་པ་འགྱུར་ལྡོག་དང་གདགས་གཤིས་ཅན་གྱི་རྗེས་ཤུལ་སོགས་ཀྱི་གནས་ཚུལ་ལ་དོ་སྣང་བྱེད་དགོས། འགྲོ་སའི་གནས་ལ་འབྱོར་རྗེས་རང་འགུལ་ངང་ས་གནས་དེ་གའི་རིམས་ནད་འགོག་སྡོམ་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་བྱེད་པར་གཞོགས་འདེགས་བྱེད་དགོས།

གསུམ། མཚོ་སྔོན་དུ་ལོག་མཁན་རྣམས་ཀྱིས་ཆུ་ཚོད48ནང་གི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་སྲིབ་གཤིས་ཡིན་པའི་དཔང་ཡིག་དང་བདེ་ཐང་ཨང་བཤེར་ལྗང་མདོག་ཡིན་པའི་ཨང་བཤེར་འཁྱེར་ནས། སྔ་མོ་ནས་མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་སྡོམ་ཚོད་འཛིན་གྱི་སྙན་ཞུ་མ་ལག་བརྒྱུད་དེ་དྲ་ཐོག་ཏུ་སྙན་ཞུ་ཕུལ་དགོས་ལ། རིམས་ནད་འགོག་སྡོམ་གྱི་གཏན་འབེབས་སོ་སོར་བརྩི་སྲུང་ནན་པོ་བྱེད་དགོས་པ་མ་ཟད། ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་པ་དང་། བདེ་ཐང་ལྟ་ཞིབ་ཚད་ལེན། ཉིང་སྐྱུར་བརྟག་དཔྱད་ཚད་ལེན་སོགས་རིམས་འགོག་བྱེད་ཐབས་སོ་སོར་གཞོགས་འདེགས་ལེགས་པོ་བྱེད་དགོས།

བཞི། རིམས་ནད་འགོག་སྡོམ་ཚོད་འཛིན་གྱི་གཏན་འབེབས་སོ་སོ་རང་རྟོགས་ངང་བརྩི་སྲུང་བྱས་ཏེ། འདུ་འཛོམས་ཇེ་ཉུང་དུ་གཏོང་བ་དང་མཉམ་འཛོམས་ཇེ་ཉུང་དུ་གཏོང་བ། མཉམ་དུ་ཟ་མ་ཟ་བ་ཇེ་ཉུང་དུ་གཏོང་བ། གསང་སྤྱོད་དང་གློག་སྐས་སོགས་སྤྱི་པའི་སྒྲིག་བཀོད་སྤྱད་རྗེས་ངེས་པར་དུ་ལག་པ་གཙང་སྦྲ་ཡག་པོ་བྱེད་དགོས་པ་དང་། དུས་བཅད་ལྟར་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་བྱེད་དགོས། ཕྱིར་སྐྱོད་སྐབས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་དགོས་པ་དང་། མི་དང་མི་བར་གྱི་བར་ཐག་ཇེ་རིང་དུ་གཏོང་དགོས། པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་བརྟག་འདྲ་ཐོན་དུས།  ཐག་ཉེ་སའི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དང་ཡང་ན་གནས་གཏན་འཁེལ་གྱི་སྨན་ཁང་དུ་སོང་ནས་སྨན་བཅོས་བརྟག་དཔྱད་བྱེད་དགོས།  

མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་སྡོམ་ཚོད་འཛིན་ལྟེ་གནས།

2022ལོའི་ཟླ9པའི་ཚེས29ཉིན།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།