ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ས་ཚིགས་ཀྱིས་ལོ་ངོ་བཅུ་བཞི་རིང་ལ་རིགས་སོ་སོའི་སྲོག་ཆགས1500ལྷག་སྐྱོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

111111111111W020220929590435210280.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས28ཉིན། གསར་འགོད་པས་མཚོ་སྔོན་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་གསོ་སྤེལ་ལྟེ་གནས་སུ་རྒྱུས་ལོན་པ་ལྟར་ན། ལྟེ་གནས་དེ2008ལོར་བཙུགས་པ་ནས་བཟུང་། བསྡོམས་པས་གསའ་གཟིག་དང་དགོ་དམར། རྩྭ་གཡི། གནའ་བ། དྲེད་མོང་སོགས་ཀྱི་རི་སྐྱེས་སྲོག་ཆགས་སྣ་ཁ40ལྷག་གྲངས་ཀ1500ལྷག་བསྡུ་ཉར་བྱས་ཏེ། ཕྱེད་གྲངས་ལས་བརྒལ་བའི་སྲོག་ཆགས་བདེ་ཐང་སླར་གསོ་བྱུང་རྗེས་རི་ཁྲོད་དུ་བཏང་བ་རེད། 

W020220929590435367725.jpg

ཉིན་མོ་དེར་མཚོ་སྔོན་ཞིང་ཆེན་གྱིས་སྲོག་ཆགས་ལ་སྲུང་སྐྱོབ་བྱས་ཏེ་རང་བྱུང་བྱ་དངོས་ཡོད་དགུ་འཆམ་མཐུན་ངང་མཛེས་སྡུག་ཁྱིམ་གཞིས་སྐྲུན་པ་བརྗོད་བྱ་ཡིན་པའི་སྐབས31པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་དྲིལ་སྒྲོག་ཟླ་བ་སྤེལ་མགོ་བརྩམས།

W020220929590435364138.jpg

མཚོ་སྔོན་ནི་ཀྲུང་གོའི་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་སྲོག་ཆགས་རིགས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁོངས་ཀྱི་ནང་གསེས་ཡིན་ཞིང་། མིག་སྔར་ཞིང་ཆེན་དེར་སྲོག་ཆགས་སྒལ་ཚིགས་ཅན་རིགས605ཡོད་པ་དེའི་ནང་གསའ་དང་། དགོ་དམར། གཙོད། འབྲོང་། ཁྲུང་ཁྲུང་སྐེ་ནག་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིགས37དང་རྒྱལ་ཁབ་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིགས105ཡོད་པ་དང་། ཞིང་ཆེན་ཡོངས་སུ་ཁྱབ་པའི་རི་སྐྱེད་རྩི་ཤིང་རིགས2500ལྷག་ཡོད་པ་དང་རིགས་སོ་སོའི་སྣ་མའི་རིགས་ཀྱི་མེ་ཏོག་དང་དབྱར་རྩྭ་དགུན་འབུ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་སྐྱེ་དངོས་རིགས38ཡོད།

W020220929590435360943.jpg

མགོ་ཚུགས་མཛད་སྒོའི་སྟེང་མཚོ་སྔོན་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་གསོ་སྤེལ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཆི་ཞིན་ཀྲང་གིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་བྱེད་པའི་གྲོས་ཡིག་སྒྲོག་འདོན་བྱས་པ་དང་། མཚོ་སྔོན་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་གསོ་སྤེལ་ལྟེ་གནས་དང་མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་བྱ་རིགས་ལྟ་ཞིབ་མཐུན་ཚོགས་ཀྱི་འབྲེལ་ཡོད་ཆེད་ལས་མི་སྣས་དྲ་ཐོག་ཏུ་ཐད་གཏོང་བྱས་ཏེ་སྤྱི་དམངས་ལ་མཚོ་སྔོན་གྱི་དམིགས་བསལ་དུ་ཡོད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་རིགས་འགྲེལ་བཤད་བརྒྱབ་པ་དང་། ཕྱི་ནས་ཡོང་བའི་དངོས་རིགས་ཁྱབ་གདལ་བཏང་བ། ཡུལ་གཞན་གྱི་སྲོག་ཆགས་དང་སྐྱེ་དངོས་ཚེ་ཐར་དུ་བཏང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།