ཀྲུང་གོ་བོད་ཀྱི་དྲ་བ།

“མཚོ་སྔོན་གྱི་ལོ་ངོ་བཅུ”ཡི་ཚོང་རའི་ལྟ་སྐུལ་དོ་དམ་ཆེད་ཚོགས་ཀྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཕག་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས“མཚོ་སྔོན་གྱི་ལོ་ངོ་བཅུ”ཡི་ཚོང་རའི་ལྟ་སྐུལ་དོ་དམ་ཆེད་ཚོགས་ཀྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཏེ། ལོ་ངོ་བཅུའི་རིང་མཚོ་སྔོན་ཚོང་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་འཕེལ་རྒྱས་གནས་ཚུལ་དང་བླངས་པའི་གྲུབ་འབྲས་མཚམས་སྦྱོར་བྱས། 

ལོ་ངོ་བཅུའི་རིང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚོང་རའི་ཁོར་ཡུག་ཁྱོན་ཡོངས་ནས་རིམ་འཕར་བྱེད་པ་དང་། ཐོ་འགོད་མ་དངུལ་སྤྲོད་པའི་སྒྲིག་སྲོལ་དེ་དངོས་སྤྲོད་སྒྲིག་སྲོལ་དུ་བསྒྱུར་བར་སྐུལ་འདེད་དང་། སྡོད་ཁང་ཐོ་འགོད་དང་མིང་ཐོ་ཐོ་འགོད། མེད་པར་བཟོ་བའི་ཐོ་འགོད་སོགས་ཀྱི་བཅོས་བསྒྱུར་སྐུལ་འདེད་བཏང་སྟེ། ཚད་གཞི་མཐོ་བའི་སྒོ་ནས་ཚོང་རའི་གཙོ་རྒྱུགས་སྒྲིག་སྲོལ་རང་བཞིན་གྱི་འགྲོ་གྲོན་དམའ་རུ་བཏང་། “སྔོན་ལ་པར་ལེན་པ་ནས་དཔང་ཡིག་ལེན་པ”དང“པར་བླངས་རྗེས་དཔང་ཡིག་ཇེ་ཉུང་དུ་གཏོང་བ”། བཅོས་བསྒྱུར་བྱས་ཆོག་པས་ནས་ཚོང་གཉེར་བྱས་ཆོག་པའི་བཅོས་བསྒྱུར། ཁེ་ལས་ལས་སྒྲུབ་དུས་ཚོད་ཉིན20ནས་ལས་སྒྲུབ་ཉིན3དུ་ཇེ་ཉུང་དུ་བཏང་བ་དང་། གསར་སྒྲུབ་ཁེ་ལས་ཀྱི་གོ་རིམ་ཧྲིལ་བོའི་དྲ་སྒྲུབ་ཚད95%ཡན་ལ་སླེབས་པ་དང་། མང་ཚོགས“ཉུང་དུ་རྒྱུག”པ་ནསདྲ་ཐོག་ནས་ལས་སྒྲུབ་མང་དུ”བྱས་ནས། ལས་སྒྲུབ་དྲ་སྒྲུབ་མངོན་འགྱུར་བྱུང་། ཞིང་ཆེན་ཡོངས་ཀྱི་ཚོང་རའི་གཙོ་རྒྱུགས་མུ་མཐུད་དུ་འཕེལ་རྒྱས་བྱུང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཐད་གཞོག་འདེགས་མཁོ་འདོན་བྱས། ད་ལོའི་ཟླ8པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་ཚོང་རའི་གཙོ་རྒྱུགས་སྤྱིའི་ཚད་དུད་ཁྱིམ་ཁྲི54.73ལ་སླེབས་ཤིང་། ཚོང་དོན་སྒྲིག་སྲོལ་བཅོས་བསྒྱུར་སྔོན་གྱི་ལྡབ2.77ཡིན་ལ། དེ2012ལོའི་ལོ་མཇུག་བར་དུ་དུད་ཁྱིམ་ཁྲི38འཕར་བ་དང་། ལོ་རེར་ཆ་སྙོམས་ཀྱི13.57%འཕར། 

ལོ་ངོ་བཅུའི་རིང་། མང་ཚོགས་ཀྱི་སེམས་ཁུར་བྱེད་པ་དང་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་པའི་ཚོང་རའི་ཁོར་ཡུག་གནད་དོན་ལ་དམིགས་ནས། ལྟ་སྐུལ་དོ་དམ་ཤུགས་ཚད་ཆེ་རུ་བཏང་བ་དང་། ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་བཏང་། ལོ་ངོ3ཡི་རིང་། ཞིབ་བཤེར་ཡིག་ཆ1194འཕར་བ་དང་། ཡིག་ཆ1468གཙང་བཤེར་བྱས། ཁེ་ལས་དང་འབྲེལ་བའི་གྲོན་བསྡུ་དང་དྲ་རྒྱའི་ཉོ་ཚོང་། དྲིལ་སྒྲོག་རྫུན་མ། ཁྲིམས་འགལ་བརྡ་ཁྱབ་རྫུན་མ། འཛད་སྤྱོད་ཁེ་དབང་སྲུང་སྐྱོང་སོགས་ཀྱི་ཚོང་རའི་རྙོག་དྲར་དམིགས་ནས། སྔ་རྗེས་སུ་རིན་གོང་ལྟ་སྐུལ་དོ་དམ་ལས་འགུལ་དང་། དམངས་འཚོའི་ཁྱབ་ཁོངས་ཀྱི་བྱ་འགུལ། ཁྲིམས་འགལ་བརྡ་ཁྱབ་ཆེད་སྤྱོད་བཅོས་སྐྱོང་དང་། དྲ་རྒྱའི་ཉོ་ཚོང་ཚོང་རའི“གློག་རྡུལ་ཚོང་དོན་སྟེགས་བུ་བརྒྱ”ཡི་བྱ་འགུལ། ཞིང་སྡེ་འབྲོག་ཁུལ་གྱི་ཟས་རིགས་རྫུན་མའི་བཅོས་སྐྱོང་། “རབ་མཛེས་མཚོ་སྔོན། འཛད་སྤྱོད་སེམས་བདེ”གསར་སྐྲུན་སོགས་ཀྱི་བྱ་འགུལ་སྤེལ་བ་དང་། ལོ་ངོ3རིང་ཞུ་གཏུགས་ཁྲི6.57དང་ལེན་བྱས་ཏེ། འཛད་སྤྱོད་པར་དཔལ་འབྱོར་གྱོང་གུད་ཁྲི5908སེལ་བ་དང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས།  །

རྩོམ་སྒྲིག་པ། : ཕག་གྲུབ།