ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲ་རྒྱའི་བརྡ་འཕྲིན་བདེ་འཇགས་གཞུང་སྒྲུབ་ཁང་དང་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་ནས་ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས་ཏེ། ཉམས་མྱོང་ཕན་འབྲས་ལ་སྤྱི་བསྡོམས་ལེགས་སྒྲིག་དང་། རྗེས་མའི་དུས་རིམ་གྱི་བྱ་བའི་གཙོ་གནད་ལ་ཞིབ་འཇུག་འཆར་འགོད་དང་། བསམ་བློའི་ངེས་ཤེས་གཅིག་གྱུར་བྱས་ནས། ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་བྱ་བའི་འདུས་ཤུགས་གཅིག་སྒྲིལ་ཐད་སྐུལ་འདེད་བཏང་།

གྲོས་ཚོགས་ལས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་རིགས་སོ་སོས་ཏན་ཏིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་གྱི་གཞུང་ལུགས་ཞིབ་བརྗོད་གལ་ཆེན་སྐོར་ལ་སློབ་སྦྱོང་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་ཤུགས་སྣོན་བྱེད་པ་དང་དམ་དུ་འབྲེལ་ནས། སྒྲིག་གཞི་སྒྲིག་སྲོལ་འཐུས་ཚང་དང་། ནང་དོན་སྟེགས་བུ་ཕུན་ཚོགས། བྱེད་ཐབས་རྣམ་པ་གསར་གཏོད་བྱས་ཏེ། དཔལ་ཡོན་གྱིས་དྲ་བ་སྒྲུབ་པ་དང་དཔལ་ཡོན་གྱིས་དྲ་བ་བེད་སྤྱོད། དཔལ་ཡོན་གྱིས་དྲ་འཇུག་བྱེད་པར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་གྱི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་དཀྱིལ་སྙིང་ལས་འགན་དུ་བྱེད་པར་སློབ་སྦྱོང་དྲིལ་སྒྲོག་དང་། དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་གྱི་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་བོར་སྦྲེལ་ནས། དྲིལ་སྒྲོག་རྣམ་པ་གསར་གཏོད་བྱས་ཏེ། ཏང་གི་གཞུང་ལུགས་གསར་གཏོད་དེ་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་པར་བྱེད་དགོས། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་དང་རྫོང་རིམ་པའི་མཉམ་འདྲེས་སྨྱན་བྱད་ལྟེ་གནས་སུ་མཉམ་འདྲེས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་བ་དང་། དྲ་རྒྱའི་དཔལ་ཡོན་ལག་ལེན་དང་བླངས་པའི་ཞབས་ཞུ་སྟེགས་བུ་འཛུགས་སྐྲུན་དང་། སྨྱན་བྱད་ཁྱད་ཆོས་ལྡན་པའི་ཞབས་ཞུའི་ཟོང་རྟགས་གསར་སྐྲུན་བྱེད་པ། དྲ་བའི་སྟེང་གི་བསམ་པའི་དཔལ་ཡོན་དྲིལ་སྒྲོག་སོགས་ཀྱི་ཐད་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས། དྲ་དམངས་ཀྱི་མཐོང་འདོད་ཉན་སྤྲོའི་དྲ་རྒྱའི་རིག་རྩལ་བརྩམས་ཆོས་སྐོར་ཞིག་གསར་སྐྲུན་བྱེད་དགོས། དྲ་རྒྱའི་དཔལ་ཡོན་གསར་སྐྲུན་གཏིང་ཟབ་བྱས་ཏེ། དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་ཁྱོན་ཡོངས་ནས “གསར་སྐྲུན་ཆེན་པོ་ལྔ”དཔྱད་འདེམས་ཚད་གཞིའི་ཁྲོད་བླངས་ནས། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་སྐྲུན་བྱ་འགུལ་སྐུལ་འདེད་གཏོང་དགོས། “དག་གཙང་དྲ་རྒྱ། མཚོ་སྔོན2022ལོ”དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་ཆེད་དོན་བྱ་འགུལ་སྤེལ་ནས། བརྙན་ཐུང་ཐད་གཏོང་གི་སྣང་ཚུལ་མི་ལེགས་པ་དང་། དྲ་རྒྱར་མགོ་འཁོར་བ། དྲ་རྒྱའི་དྲག་ཤུགས་སོགས་ཀྱི་གནད་དོན་བཅོས་སྐྱོང་འབུར་དུ་བཏོད་དེ། དྲ་རྒྱའི་སྟེང་གི་དཔལ་ཡོན་མིན་པའི་བྱ་འགུལ་དག་ཐེར་བྱེད་དགོས། 

ཚོགས་འདུས2022ལོའི་མཚོ་སྔོན་དྲ་དམངས་ལེགས་པོ་བདམས་པའི་མི་སྣར་གཟེངས་རྟགས་གནང་། དབྱང་ཡུའེ་དང་ཀྲང་ཆིན། ཅང་ཀྲིན་ཝའེ། ཀྲང་ཡའོ་ཏུང་། ཞ་ལི་ཅོན་སོགས་མཚོ་སྔོན་དྲ་དམངས་ལེགས་པོ25བདམས་ཐོན་བྱུང་། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།